(པར་ངོས་གསུམ་པར་མཐུད)སྒྲིག་འགལ་རླངས་འཁོར་དེ་སྔར་ནས་བཟུང་།གྲོང་ཁྱེར་གྱི་གཅོང་ནད་དང་དུག་སྐྲན་དུ་བརྩི་ཡི་ཡོད་པ་དང་།དེས་རྒྱུན་གཏན་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བར་མ་ཟད།འགྲུལ་སྐྱེལ་བྱེད་མཁན་གྱི་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་པ་དང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡང་ཐོན་གྱི་ཡོད།ལག་ཁྱེར་མེད་པའི་རླངས་འཁོར་གྱི་ཁ་ལོ་བས་དཔལ་འབྱོར་ཁེ་ཕན་ཆེ་ཤོས་ཡོང་ཆེད་རྒྱུན་དུ་རླངས་འཁོར་མགྱོགས་པོ་བཏང་ནས་མྱུར་ཚད་ལས་བརྒལ་བ་དང་ངལ་དུབ་ཀྱིས་རླངས་འཁོར་གཏོང་གི་ཡོད།མ་གནས་དམའ་རུ་གཏོང་ཆེད།ལག་ཁྱེར་མེད་པའི་རླངས་འཁོར་གྱི་ཁ་ལོ་བས་བདེ་འཇགས་ལག་རྩལ་གྱི་རིམ་པ་མཐོན་པོ་མེད་པའི་འཁོར་རིགས་སྤྱོད་པ་དང་ཐ་ན་འཁོར་རིགས་ཀྱི་འགན་བཅོལ་ཡང་ཉོ་ཡི་མེད།གལ་སྲིད་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་འགྲུལ་པས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱེད་ཐབས་བྲལ་གྱི་ཡོད་པ་རེད།སླད་ཕྱིན།ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོཊ་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ལམ་ངོས་ཀྱི་ཞིབ་བཤེར་ཁྲིམས་འཛིན་བྱེད་ཤུཊ་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་།ཆབས་ཅིག་རྫོང(ཆུས)འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་འགྲིམ་འགྲུལ་ཉེན་རྟོག་སོགས་སྡེ་ཚན་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་འཛུགས་པ་དང་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རར་གནས་པའི་ཁྲིམས་འགལ་གཉེར་སྐྱོང་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་།ནུས་ཤུགས་ཡོད་རྒུས་གཉེར་སྐྱོང་གི་ལག་ཁྱེར་མེད་པའི་ཁ་ལོ་བ་འཚོ་གནས་ཀྱི་བར་སྟོང་ཆུང་དུ་བཏང་ནས།འགྲུལ་སྐྱེལ་ཁྲོམ་ར་ཚད་ལྡན་དང་།གོ་རིམ་ལྡན་པ།ཞི་མཐུན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社