ན་ནིང་ནས་བཟུང་། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱ་རྒྱུ་དེ་གོ་སྐབས་སུ་བྱས་ནས་མང་ཚོགས་ལ་འབྲེལ་གཏུགས་དང་ཞབས་འདེགས་ཡག་པོ་ཞུ་མ་ཐུབ་པའི་གནད་དོན་ལ་དམིགས་ཏེ། འཐབ་ས་དང་པོར་སྤེལ་བ་དགུའི་ལས་དོན་སྒྲུབ་ཐབས་འཚོལ་ཞིབ་དང་ཁྱབ་གདལ་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། མང་ཚོགས་ལ་ལས་ཀ་ཡག་པོར་སྒྲུབ་པའི་མཐའ་མའི་འགག་གནད་བསལ་བ་རེད།
གཅིག་ནས་འཐབ་ས་དང་པོར་རྩ་འཛུགས་འཛུཊ་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། དེ་ཡང་།ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་དོན་གྲོས་མཐུན་སྦྱོར་དང་། མཉམ་སྡོད་དང་། མཉམ་འདྲེས། མཉམ་སྐྲུན། ཕྱོགས་གཉིས་འབྲེལ་གཏུགས་ཞབས་ཞུ་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། སྡེ་ཁུལ་ཏང་རྩ་འཛུགས་དང་། དྲ་མིག་ཅན་གྱི་ཏང་ཚོགས་ཆུང་། ཏང་ཡོན་འབྲེལ་གཏུགས་དུད་ཚང་བཅས་ཀྱི་རྩ་འཛུགས་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ཡོན་39ཡིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་ཁུལ་གྱི་ལས་ཀའི་སྟོབས་ཤུགས་ལ་སྐུལ་ཁྲིད་བྱས་ནས་དུད་ཚང་1049དང་མང་ཚོགས་2722ལ་སྒོ་འགྲམ་དུ་ཞབས་ཞུ་སྤུས་ལེགས་དང་དོ་དམ་ཞིབ་ཚགས་བྱས་ཡོད། “སྤྲིན་རྩིས་ཀྱི་འབྱོར་ཐོ་འགོད་པའི”རིག་ནུས་བྱ་རིམ་ཆུང་གྲས་ལ་བརྟེན་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་པའི“འབྱོར་ཐོ་འགོད་པ་གཉིས་དང་སྐར་གསོག་གཉིས”དང་། “ཏང་ཡོན་+”རྣམ་པའི་ཐོག་ནས་དྲིལ་བསྒྲགས་སྒྲོག་འགྲེལ་དང་། ཁོར་ཡུག་འཕྲོད་བསྟེན་གཙང་སེལ་ཆེན་མོ། ཡ་རབས་འགྲིམ་འགྲུལ་ཁྲིད་སྟོན། སྔོ་འགྱུར། རྒན་རྒོན་དང་། ཉམ་ཆུང་།དབང་པོ་སྐྱོན་ཅན་བཅས་ལ་རོགས་རམ། གཅེས་སེམས་རོགས་རམ། སྡེ་ཁུལ་གྱི་བྱེད་ནུས་ཁང་གི་དོ་དམ་པ་སོགས“དང་བླངས་ཞབས་ཞུ་ཆེན་པོ་བརྒྱད”སྤེལ་ནས་ཁོངས་གཏོགས་ཁུལ་གྱི་བཅའ་སྡོད་ཚན་པ་6དང་། ལས་ཐོག་ཏང་ཡོན་143གྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་པ་དང་རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་31སྤེལ་བར་ཁྱོན་སྐར་མ་4300བསགས་ཡོད།
གཉིས་ནས་འཐབ་ས་དང་པོར་བསམ་བློའི་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དེ་ཡང་།སྡེ་ཁུལ་གྱི་རྩ་འཛུགས་ཁག་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་གྲོང་མི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྡེ་ཁུལ་གྱི་བཅའ་སྡོད་ལས་དོན་རུ་ཁག་དང་གཞི་རིམ་གྱི་སྒྲོག་འགྲེལ་པ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་པ། དྲ་མིག་ཅན་དང་སྒོ་ར་ཆེན་པོར་ཁྱོན་ཡོངས་ལ་ཁྱབ་པའི་རིམ་སྤེལ་སྒྲོག་འགྲེལ་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ། མང་ཚོགས་ལ་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གཏོང་བ་དང་། ངོ་རྒོལ་བྱེད་པ། གྲོང་ཁྱེར་གྱི་སྤྱི་ཚོགས་བརྟན་ལྷིང་ལ་བར་ཆད་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། “འདུ་ཤེས་གསུམ”དང“མོས་སེམས་ལྔ”ཆེ་རུ་ཏན་ཏིག་བཏང་ཡོད། “བུད་མེད་ཀྱི་སློབ་གླིང”བཙུགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་དུ་གཏོང་བ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི“ལོ་རྒྱུས་དང་གཏམ་རྒྱུད”ཟུང་འབྲེལ་ནུས་ལྡན་བྱས་ཏེ། སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་དང་བོད་གསར་རྙིང་བསྡུར་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་བཏང་བ་རེད།
གསུམ་ནས་འཐབ་ས་དང་པོར་དྲ་མིག་ཅན་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། དེ་ཡང་།མི་འབོར་གཞི་ཁྱོན་འོས་འཚམ་དང་། ཞབས་ཞུ་དང་དོ་དམ་སྟབས་བདེ། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན། ནུས་པ་བལྟོས་བཅས་ཀྱིས་འཐུས་ཚང་བཅས་ཀྱི་རྩ་དོན་གཞིར་བཟུང་། དྲ་མིག་ཅན་ལེགས་སྒྲིག་བྱས་ཏེ།གྲོང་ཁུལ་རྙིང་པའི་དྲ་མིག་རེའི་དུད་ཚང་200ཙམ་ལ་ཁྱབ་པའི་ཚད་གཞིའི་ཐོག་ནས་ཕྱོགས་བསྡུས་དྲ་མིག་5དང་། ཆེད་གཏོགས་དྲ་མིག་2ལ་དབྱེ་ཡོད་པ་དང་། དྲ་མིག་གི་གྲངས་འབོར་དེ་སྔའི་3ནས་7བར་མང་དུ་ཕྱིན་པ་དང་། ཆ་སྙོམས་བྱས་ན་དྲ་མིག་རེར་ཞབས་ཞུའི་དུད་ཚང་350ནས་150བར་ཉུང་དུ་ཕྱིན་ཡོད། ཕྱོགས་བསྡུས་དྲ་མིག་གིས“1+5+X”རྣམ་པ་གཞིར་བཟུང་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད། དྲ་མིག་ནང་གྲོང་མིའི་སྒོ་ར་དང་སྟར་པ་སྤྱི་ཡོངས་སུ་བྱས་ཏེ་དུད་ཚང་5ནས་15བར་གྱི་ཚད་གཞི་གཞིར་བཟུང་དུད་སྦྲེལ་ཚན་པ་96ལ་དབྱེ་ནས་དུད་སྦྲེལ་དཔོན་7འདེམས་བསྐོ་བྱས་ཡོད།
བཞི་ནས་འཐབ་ས་དང་པོར་སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དེ་ཡང་།གཞི་རིམ་བཅོས་སྐྱོང་གི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་དུས་ཚིགས་རེར་མཉམ་འབྲེལ་ཚོགས་འདུ་ཐེངས་རེ་འཚོགས་ཏེ། ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་། རྩ་འཛུགས་མཉམ་སྐྱོང་། ལས་དོན་མཉམ་འགུལ། དཔུང་ཁག་མཉམ་འབྲེལ། ཞབས་ཞུ་མཉམ་གཉེར། འགན་སྲུང་མཉམ་སྤྱོད། འགན་འཁྲི་མཉམ་བཤེར་བཅས་ཀྱི“གཅིག་གྱུར་གཅིག་དང་མཉམ་འབྲེལ་དྲུག”གི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། དྲ་མིག་ཅན་གྱི“མདུན་ཕྱོགས་སོ་ལྟ་བའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྒོ་རྡུང་བྱ་སྤྱོད”སྤེལ་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་། དམངས་ཀྱི་འདོད་བློ། ཕྱོགས་མིའི་གནས་ཚུལ་སོགས་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ། དོགས་ཡོད་མི་སྣ་དང་། དོགས་ཡོད་དངོས་རྫས། རྒྱུན་གཏན་མིན་པའི་འཕེལ་ཕྱོགས་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ། “ཞིབ་བཤེར་གསུམ་དང་། གྲོས་མོལ་གཅིག རྩིས་ཐོ་གཅིག”བཅས་བྱས་པ། ཉེན་དོན་དང་སྲིད་དོན་ཞབས་ཞུའི་སྐར་ཁུང་བསྡུ་སྒྲིལ་བྱས་པ། སྤྱི་ཚོགས་ལས་དོན་པ་5བཀོད་སྒྲིག་བྱས་ཏེ་ལས་དོན་བསྒྲུབ་པ། སྟོབས་ཤུགས་གཞན་དག་ཚང་མ་དྲ་མིག་ཅན་དུ་འགྱུར་བ་བཅས་བྱས་ནས་སྡེ་ཁུལ་བཅོས་སྐྱོང་སྔར་བས་ཞིབ་ཚགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
ལྔ་ནས་འཐབ་ས་དང་པོར་འགལ་བ་འདུམ་འགྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ།དེ་ཡང་།འགལ་བ་དང་རྩོད་གཞི་ལེབ་བཤེར་སྡུམ་གཅོད་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ལག་བསྟར་བྱས་ཚུལ་སྙན་ཞུ་དང་། གྱོད་དོན་ཁག་བགོས། བར་འདུམ་བཅར་འདྲི་སོགས་ལམ་ལུགས་བརྒྱད་ཚད་ལྡན་དུ་བཏང་ཡོད། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་ཁྱིམ་མཚེས་འདུམ་འགྲིག་ཁང་བཙུགས་པ་དང་མཉམ་དུ་སྐོར་སྐྱོད་འདུམ་འགྲིག་ལས་སྟེགས་བཏོད་པ། སྒོ་རའི་དོན་གྲོས་ཚོགས་འདུ་གསར་གཏོད་ཀྱིས་བཙུགས་པ།དུས་ངེས་མེད་དུ་མི་སྣའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གྲོང་མིའི་སྒོ་རའི་ནང་ཟབ་འཇུག་བྱས་པ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社