(པར་ངོས་དང་པོར་མཐུད)ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས་དང་རྒྱལ་ཁབ་གཉིས་ཀྱི་གླིང་ཁུལ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ།གྲངས་འཛིན་དཔལ་འབྱོར་དང་།སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས།འཁོར་རྒྱུག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།མཚོ་ཐོག་ཏུ་ཐུན་མོང་ཐོག་གསར་སྤེལ་མཉམ་ལས་བྱེད་པ།ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཉམ་འདྲེས་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བར་བྱས་ནས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་དམངས་ཕན་འདུ་འགོད་དེ་བས་མང་བ་བཏོད་དེ་དབུལ་པོ་ཉུང་གཏོང་དང་།སྨན་དང་སྨན་བཅོས། འབྲུ་རིགས་འདེབས་འཛུགས།ཉ་ལས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧིན་རྡུ་ཉི་ཞི་ཡའི་ཚན་ཞིབ་ཤེས་ལྡན་པ་གསོ་སྐྱོང་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཐོག་སྟབས་བདེ་ཅན་གྱི་བྱ་ཐབས་དེ་བས་མང་བ་བཏོན་ནས་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྤེལ་ནས་ལོ་ངོ་70འཁོར་བའི་ལོ་ཞིག་དང་།སང་ལོ་ནི་དབན་ལུང་ཚོགས་འདུ་འཚོགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གཙོ་བོ་བཅས་ཡིན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཐུན་མོང་ཐོག་ཞི་བདེ་དང་།མཉམ་ལས།ཁོངས་ཡངས། མཉམ་འདྲེས་བཅས་ལྟེ་བར་བྱེད་པའི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང་དབན་ལུང་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྤྲོད་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་རང་འབད་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་དེ་བས་ཟབ་པའི་ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་བྱས་ཏེ་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོངས་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཏང་སྟེ།ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཕུའུ་ལ་པོ་ཝོ་ཡིས།ཀྲུང་གོ་ནི་རླབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དང་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།དེ་བས་ཟབ་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་འགྱུར་བ་བྱས་ནས་ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད། ཨེ་ཤེ་ཡ་ས་ཁུལ་གྱིས་དེ་བས་ལེགས་པའི་སྒོ་ནས་ཞི་བདེ་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་རེད།ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མུ་མཐུད་བསྐྲུན་ནས་ཀ་རྟེན་ཆེན་པོ་ལྔའི་མཉམ་ལས་རྣམ་པ་འཐུས་ཚང་དུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་དང་།ནུས་རྒྱུ།སྨན་དང་སྨན་བཅོས།ཞིང་ལས།སྡོད་ཁང་།མཚོ་ཐོག་ཐུན་མོང་དུ་གསར་སྤེལ།འབྲུ་རིགས་བདེ་འཇགས།དབུལ་པོ་ཉུང་གཏོང་སོགས་ཁྱོན་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་མ་འཇོག་བྱེད་པར་བསྐྱོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།ཧིན་རྡུ་ཉི་ཞི་ཡས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་དང་།ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ།ཀྲུང་གོ་སྲིད་གཞུང་གིས་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཤིན་ཅང་དང་འབྲེལ་བ་ཡོད་པའི་ལས་དོན་ནི་རྦད་དེ་ཀྲུང་གོའི་ནང་སྲིད་ཡིན་པས་ཧིན་རྡུ་ཉི་ཞི་ཡས་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཤིན་ཅང་གི་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་དྲང་གཞག་དྲང་བདེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཧིན་རྡུ་ཉི་ཞི་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་།
མནའ་འབྲེལ་དུ་མི་ཞུགས་པའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱེད་པ།ཕྱོགས་གསུམ་པར་དམིགས་པའི་དམག་དོན་མནའ་འབྲེལ་ནམ་ཡང་ན་ཚོགས་པ་ཆུང་ངུ་གང་རུང་ནང་མི་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་རོགས་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཅས་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
མཇལ་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་གི་གསར་སྤེལ་དང་། མཚོ་ཐོག་དཔལ་འབྱོར།ཆུ་བེད།གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་ནས་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
མཇལ་མོལ་མ་གནང་གོང་།ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕུའུ་ལ་པོ་ཨོར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་དང་གུས་དམག་གིས་རུ་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཕུའུ་ལ་པོ་ཝོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
ཉིན་དེའི་དགོང་མོར།ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕུའུ་ལ་པོ་ཨོར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社