(པར་ངོས་དང་པོར་མཐུད)
ས་སྨད་རྒྱུད་ཀྱི་ཆན་ཧྥུའུ་220ཡི་གློག་སྐུད་སྒྱུར་བཀོད་ལས་གྲྭའི་ས་བབ་མཐོ་ཤོས་ལ་སྨི་4700ཟིན་པ་དང་།ལམ་ཐག་ཧྲིལ་པོར་སྤྱི་ལེ་14.25ཡོད།བརྒྱ་ཆ་90ཡན་གྱི་ལྕགས་སྒྲོམ་ཚང་མ་སྙེ་མོ་རོང་གི་རི་སྐེད་དང་རི་སྟེང་དུ་གནས་ཡོད། རི་མཐོ་ལ་གཡང་གཟར་བ་དང་ཨར་ལས་ཀྱི་དཀའ་ཚེགས་ཧ་ཅང་ཆེ་བའི་ཁར་ལས་ཡུན་ཐུང་བ་དང་ལས་འགན་ལྕི་བའི་འོག རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་མཁོ་འདོན་འགན་ལེན་གྱི་འགན་འཁྲི་བརྟན་དུ་གཏོང་བ་དང་། ཨར་ལས་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཨར་ལས་ཇུས་གཞི་ལེགས་སུ་གཏོང་བ།བདེ་འཇགས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་བཟོ་བ། ལས་ཡུན་ལྡོག་སྒྲིག དོ་དམ་དང་ཚོད་འཛིན་གནད་འཁེལ་བཅས་བྱས་ནས་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
ཚན་པའི་འགོ་ཁྲིད་ཀྱིས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་།འཐབ་ས་དང་པོར་སྡོད་པ། ཆེད་ལས་སྡེ་ཚན་གྱི་འགན་འཁུར་བ་ལས་ཡུལ་དུ་དངོས་སུ་བསྡད་དེ་བདེ་འཇགས་དང་། སྤུས་ཚད། མྱུར་ཚད་བཅས་ཀྱི་བླང་བྱ་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལས་མི་དང་། དངོས་རྫས། སྒྲིག་ཆས་སོགས་ཨར་ལས་ཐོན་ཁུངས་སྤྱི་འདོམས་བྱེད་པ། ལས་ཡུལ་དངོས་ཀྱི་ལས་དོན་ཁག་ལ་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།
ལས་གྲྭ་སྐྲུན་འགོ་ཚུགས་པ་ནས་བཟུང་འཛུགས་སྐྲུན་ནང་ཞུགས་མཁན་ཡོངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གློག་དྲའི་ཧྲག་དམག་གི་བློ་སྟོབས་དང་གཤིས་རྒྱུད་འདོན་སྤེལ་གང་ལེགས་བྱས་ཏེ།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱིས་ངེས་པར་དུ་ལས་ཡུན་ནང་ཚུན་དུ་ལེགས་གྲུབ་ཐུབ་པ་དང་།ངེས་པར་དུ་ལས་ཡུན་ནང་ཚུན་དུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་དང་ཆོད་སེམས་ཐོག་ནས་བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྤུས་ཚད་རྩ་བར་འཛིན་པའི་རྩ་དོན་ཐོག་མཐའ་འཁྱོངས་ཀྱིས་ས་བབ་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བ།གསོ་རླུང་དཀོན་པ། ཨར་ལས་ཀྱི་དཀའ་ཚེགས་ཆེ་བ། མཆོང་སྐྱོད་མང་བ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ།ཨར་ལས་བྱེད་རིང་ལྗིད་ཐེག་མི་མེད་གནམ་གྲུ་གཏོང་བ་དང་། དབྱང་གཉིས་ཐཱན་འགྱུར་གས་གཏོར་གྱི་རྨང་གཞི་སྔོག་འདོན་སོགས་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་བྱས་པས།ཨར་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་།ལས་སྒྲུབ་ཀྱི་ཉེན་ཁ་ཆུང་དུ་ནུས་ལྡན་ཕྱིན་ཡོད་པ་རེད། གོང་འོག་བློ་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་བརྒྱུད།ལས་གྲྭའི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་སྔ་སྣུར་དུ་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་སྟབས།བོད་ཀྱི་གློག་དྲར་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་གློག་སྤྱོད་ཤུགས་ཐད་འགན་ལེན་ཐུབ་རྒྱུར་ནུས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཕྱིས་འབྱུང་།རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཡུལ་དངོས་ཀྱི་བདེ་འཇགས་དོ་དམ་དང་ཚོད་འཛིན་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་། བརྒྱུད་རིམ་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་འཁོར་གྱི་མཁོ་སྤྲོད་འགན་ལེན་གྱི་རྣམ་གྲངས་གལ་ཆེན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་པ་དང་།དགུན་དུས་ཀྱི་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་བློ་ཐག་ཆོད་པོས་ཁུར་ནས་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་གློག་ཤུགས་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社