分享按钮

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱས་པ།

འདི་ག་ཚགས་པར་ཁང་གི་དཔྱད་གཏམ་པས།

གྲོང་ཁྱེར་ནི་མིའི་རིགས་འཚོ་གནས་དང་འཚོ་བ་སྐྱེལ་སའི་གནས་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་མང་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལས་དོན་ཐད་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་སུ་ལ་བརྟེན་དགོས་པ་དང་། སུའི་ཆེད་དུ་ཡིན་པའི་རྩ་བའི་གནད་དོན་གསལ་སྟོན་གཏིང་ཟབ་གནང་བ་དང་། གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ནས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་གྲོང་ཁྱེར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམངས་འཚོའི་འདུ་འགོད་དེ“དམངས་སེམས་འདུ་འགོད”ཅིག་ཏུ་འགྱུར་བར་བྱེད་པའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱས་པ་རེད།

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་ནི་དམངས་བདེ་དམངས་ཕན་གྱི་ཐད་ནས“རྩེ་རིམ་ཇུས་འགོད”ལེགས་པོ་བྱ་རྒྱུ་དེ་ཡིན། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་དེ་ཕྱོགས་གཅིག་འཕེལ་རྒྱས་དང་འབྲེལ་ཡོད་པ་དང་ཕྱོགས་གཞན་ཞིག་དམངས་འཚོ་དང་འབྲེལ་བ་ཡོད། གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྣམ་པ་སྔར་བས་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། ན་ནིང་ནས་བཟུང་། གྲོང་ཨུད་ཀྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་སྐུལ་སློང་ཚོགས་འདུ་དང་། གྲོང་ཨུད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་འཚོགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ལ་སྐུལ་སློང་བྱས་ནས་སེམས་ནུས་ཡོད་རྒུས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ནང་ཞུགས་སུ་བཅུག་སྟེ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་ཆ་རྐྱེན་དེ་བས་ལེགས་པ་བཏོད་ཡོད།

ལོ་གཅིག་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པ་དང་དེ་འགོ་འཛུགས་སར་བྱས་ནས་ཚན་པའི་ལྟ་སྐུལ་དང་དོ་དམ་གྱི་འགན་འཁྲི་དང་ཁོངས་གཏོགས་ཀྱི་འགན་འཁྲི་གཙོ་བོ་ནན་དུ་བཏང་བ་དང་། གྲོང་ཁྱེར་གྱི་སྒྲིག་བཀོད་དང་། འགྲོ་ལམ་འགྲིམ་འགྲུལ། ཁོར་ཡུག་འཕྲོད་བསྟེན། ཐོན་སྐྱེད་བདེ་འཇགས། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར། ཁྲོམ་ར་ཚད་ལྡན་དུ་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་དམིགས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་པས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་། འགྲོ་ལམ་དང་གྲོང་ཁྱེར་གྱི་སྒྲིག་བཀོད་སོགས་ལེགས་སུ་ཆེན་པོ་ཕྱིན་ནས་ལས་ཀ་བྱེད་ས་དང་འཚོ་བའི་ཁོར་ཡུག གྲོང་ཁྱེར་གྱི་སྤུས་ཚད། གྲོང་ཁྱེར་གྱི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དག་ང་ཚོས་མིག་མཐོང་ལག་ཟིན་བྱུང་ནས་གྲོང་མི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་ནི་དམངས་འཚོའི་འདུ་འགོད་དེ“དམངས་སེམས་འདུ་འགོད”ལ་བསྒྱུར་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ནི་མི་དམངས་ཀྱི་ཡིན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། རྣམ་བཤད་གལ་ཆེན་འདིས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྩ་བའི་དམིགས་ཡུལ་གསལ་བཤད་གཏིང་ཟབ་བྱས་ཡོད། གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་དེ་མི་དམངས་དམངས་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་ཡང་འབྲེལ་བ་ཡོད་པས། དོན་སྙིང་གལ་ཆེན་དང་། འགན་འཁྲི་ལྕི་པོ་ཡོད་སྟབས་ང་ཚོས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་སྤེལ་སྐབས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་རེ་སྨོན་དེ་དམིགས་ཚད་དུ་བྱས་ནས་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་ཁེ་ཕན་བསྐྲུན་པ། མི་དམངས་ལ་ཕན་པ་བཅས་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་ལས་གཞི་དང་། སྤུས་དག་གི་ལས་གཞི། དམངས་སེམས་ཀྱི་ལས་གཞི་བཅས་ཡག་པོ་བསྒྲུབ་དགོས།

གྲོང་ཁྱེར་འཛུགས་སྐྲུན་ནང་གི་ལས་གྲྭ་བྱེ་བྲག་པ་ཚང་མ་ནི་དམངས་སེམས་ཀྱི་ལས་གྲྭ་ཡིན་པས། དེ་དག་ཚང་མ་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། ཁུལ་ཆུང་རྙིང་པ་དང་། ཁྲོམ་གཞུང་ཆེ་ཆུང་སྒྱུར་བཀོད། གློག་སྐུད་ཟང་ཟིང་ཁྲིད་པ་བཅོས་སྒྲིག་བྱེད་པ་བཅས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བཙོག་འབུད་མདོང་དྲ་ལེགས་གཏོང་། འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་བཅས་ནས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་གཏོང་དང་། ལམ་སྒྲོན་དང་ལམ་ངོས་སྒྱུར་བཀོད་ནས་སྔོ་འགྱུར་མཛེས་ལྗོངས་ལེགས་གཏོང་བཅས་བར་གྱི་རྣམ་གྲངས་དང་ལྷུ་ཚིགས་ཚང་མར་སེམས་ནུས་གང་ཡོད་བཏོན་ནས་བསྒྲུབ་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་ལས་དོན་ཁྲོད་དགོས་མཁ་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་གང་ལེགས་ཉན་ནས་དམངས་འཚོའི་འདུ་འགོད་དེ་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་དངོས་འབྲེལ་འཚམ་ཐུབ་པར་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད། འགོ་ཁྲིད་གཙོ་བོས་སྔོན་ལ་གདོང་མཆོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་འགན་ཁག་ཞིབ་ཅིང་ཕྲ་བའི་སྒོ་ནས་ཁག་བགོས་བྱེད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། འགན་འཁྲི་མིའི་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་རིམ་པ་རེ་རེ་བཞིན་དུ་དམ་འཛིན་དང་། རིམ་པ་རེ་རེ་བཞིན་དུ་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 འདི་ག་ཚགས་པར་ཁང་གི་དཔྱད་གཏམ་པས། 6 6 拉萨日报藏文 c190532.html 1 དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱས་པ། /enpproperty-->