分享按钮

ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་འཛད་སྤྱོད་ཐད་ སྒོར་དུང་ཕྱུར་9.08སྐུལ་ཁྲིད་བྱས་པ།

(པར་ངོས་དང་པོར་མཐུད)“ཁྲེང་ཀོན་ཆུས་ཀྱི་ཟླ་མཆོད་དང་ཁྲེང་ཀོན་དུ་ལྷན་དུ་འཛོམས” “རྒྱལ་སྟོན་དགའ་བས་བསུ་དང་ཁྲེང་ཀོན་དུ་ལྷན་དུ་འཛོམས”ཞེས་པ་སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དེ་དག་གི་ཁྲོད་དུ་སྣུམ་དང་། བཟའ་བཏུང་། ཚོང་ཁང་ཆེན་མོ། ལག་ཐོགས་ཁ་པར་སོགས་ཚུད་ཡོད་པ་དང་། འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱས་ནས་ཁྲེང་ཀོན་ཆུས་ཀྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད། ད་ལོའི་ཟླ་11ཚེས་1ཉིན་བར། ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་6དང་ཐེངས་12སྤེལ་ནས་འཛད་སྤྱོད་ཐད་སྒོར་དུང་ཕྱུར་9.08སྐུལ་ཁྲིད་བྱས་ཡོད། ཁ་བཏགས་དངོས་ཟོག་ཉོ་སྒྲུབ་ཐང་ཆེན་དུ་ཡོད་པའི་ཁ་བཏགས་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཞུས་ཞའོ་ཁྲུན་གྱིས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་ང་ཚོའི་སྒོ་རྩིས་ཚོང་ཁང་གི་ངོས་ནས་བརྗོད་ན་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ནས་ཚོང་ཁང་དུ་ཡོང་མཁན་འཛད་སྤྱོད་པ་མང་དུ་ཕྱིན་པར་མ་ཟད། ཕྱིར་ཚོང་གི་དངུལ་གྲངས་ཀྱང་མང་དུ་ཕྱིན་ཡོད། སྒོ་རྩིས་ཚོང་ཁང་གི་ད་ལོའི་ཟླ་1ནས་10བར་གྱི་ཕྱིར་ཚོང་དངུལ་གྲངས་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་35འཕར་ནས་ང་ཚོའི་ཚོང་ལས་གཉེར་སྐྱོང་གི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ། ཁྲེང་ཀོན་ཆུས་ཀྱིས་གྲ་སྒྲིག་ཨང་གསར་བྱས་ནས་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་རྩིས་ཡོད། ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ཁ་གསབ་མ་དངུལ་དེ་བས་མང་བ་བཏང་སྟེ། ད་དུང“དགུན་དུས་ཀྱི་འཛད་སྤྱོད་དུས་ཚིགས”ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཞིག་སྤེལ་རྒྱུ་ཡིན་པར་མ་ཟད། ད་དུང་གྲངས་འཛིན་ཐོན་རྫས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སོགས་ཀྱང་སྤེལ་ཏེ། སྣ་མང་ཅན་གྱི་བྱ་ཐབས་བརྒྱུད་ནས་ཁྲོམ་རའི་མི་མངོན་པའི་ནུས་པ་འཕེལ་བ་དང་འཛད་སྤྱོད་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་ནས། གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་ཐོབ་པར་བྱ་རྒྱུ་རེད། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཡ་ལི་ཡིས། ང་ཚོས་ད་དུང་ཁྲེང་ཀོན་ཆུས་ཀྱི་སྐབས་དང་པོའི་ཚོང་ཟོག་འགྲེམས་ཚོགས་གཉེར་རྒྱུ་དང་། དུས་མཚུངས་སུ་དགུན་དུས་ཀྱི“འོ་ཇ་ཕོར་པ་དང་པོ”ཞེས་པའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190529.html 1 ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་འཛད་སྤྱོད་ཐད་ སྒོར་དུང་ཕྱུར་9.08སྐུལ་ཁྲིད་བྱས་པ། /enpproperty-->