ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།
ཟླ་11ཚེས་4ནས་ཚེས་5ཉིན་བར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་པ་རེད།
ཚོགས་འདུར་ཕེབས་དགོས་པའི་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་43ཡོད་པ་དང་། དངོས་སུ་ཁོངས་མི་29ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུའི་ཐོག་ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས།《རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུ》དང་།《གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་ད་ལྟའི་གནས་ཚུལ་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ཚན་སློབ་རིག་འཕྲོད་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་སྙན་ཞུ》《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བརྟག་ཞིབ་སྤེལ་བའི་སྙན་ཞུ》《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ》བཅས་ལ་གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་བེད་སྤྱོད་ཀྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》(གྲོས་འགོའི་བརྡས་ཐག་གཅོད་ཡིག)དང་།《ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)(གྲོས་འགོའི་བརྡས་ཐག་གཅོད་ཡིག)ལྷ་ས་གྲོང་ཁྱེར་གྱི་2024ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད(འཆར་ཟིན)《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གསབ་སྣོན་ཨུ་ཡོན་གྱི་མཚན་ཐོ(འཆར་ཟིན)》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་འགན་སྒྲུབ་དཔྱད་མོལ་བྱས་པར་མ་ཟད། ཚོགས་འདུའི་ཐོག་གོ་གནས་འཐེན་པའི་འབྲེལ་ཡོད་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གི་བཀའ་མངགས་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་མཇུག་འགྲིལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ།དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ།བརྟན་ཐོག་ཡར་འཕེལ་ཡོང་བ་བཅས་བྱས་ཏེ་ས་གནས་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལོ་ཧྲིལ་པོའི་གཙོ་གནད་ལས་དོན་ལ་གོ་རིམ་ལྡན་པའི་ངང་དབྱེ་ཞིབ་བྱེད་པ་དང་ཆད་ལུས་ཁ་གསབ་བྱས་ཏེ་སྤུས་ཚད་མཐོན་པོའི་ངང་ལོ་ཧྲིལ་པོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། ལོ་མཇུག་གི་ཚོགས་འདུ་གཉིས་གྲ་སྒྲིག་ཡག་པོ་བྱེད་པ་དང་ཕྱི་ལོའི་ལས་དོན་ཁག་ཇུས་འགོད་ཡག་པོ་བྱས་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྣོན་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། ཕེང་ཧྥེ་ཡུའེ།ཟླ་བ་བཅས་དང་དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཞུགས་པ་དང་།གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་དང་བློ་བསྟན།
གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལི་ཧྲི་རུང་།གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཆེད་དོན་ལས་དོན་ཨུ་ལྷན་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社