分享按钮

(པར་ངོས་དང་པོར་མཐུད)འཁོར་བདག་ཚེ་རིང་རྒྱ་མཚོས་འདི་ལོའི་ཟླ་7པར་ངས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་བླངས་པས།ཕྱིར་སྐྱོད་ཧ་ཅང་སྟབས་བདེ་རུ་ཕྱིན་པའི་ཁར་དུས་ཚོད་ཀྱང་གྲོན་ཆུང་ཆེན་པོ་ཐུབ་བྱུང་ཞེས་བཤད།

སྤྱི་བདེ་པུའི་བཀོད་སྒྲིག་ལ་གཞིགས་ན། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་འགྲིམ་འགྲུལ་དོ་དམ་12123གྱི་Appབྱ་རིམ་ཆུང་ངུ་བརྒྱུད་རླངས་འཁོར་ཐད་ཀར་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་ལེན་ཆོག་གི་ཡོད་པ་རེད། རླངས་འཁོར་ཐོ་འགོད་དང་སྒྲིག་འགལ་ཐག་གཅོད་སོགས་འགྲིམ་འགྲུལ་དོ་དམ་སྐར་ཁུང་གི་ལས་སྒོའི་ཁྲོད་སྤྱོད་ཆོག་པ་མ་ཟད། ད་དུང་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས་མི་གཞན་ལ་སྤྱོད་ཆོག་པའི་དབང་ཆ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་ནས་མི་གཞན་ལ་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུར་སྟབས་བདེ་སྐྲུན་ཡོད། གཞན་ཡང་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་སྤྱོད་ཡུལ་ད་དུང་འགྲུལ་ཟོག་སྐྱེལ་འདྲེན་གྱི་ལག་ཁྱེར་གཉེར་བ་དང་འགན་བཅོལ་གུན་གསབ་སྤྲོད་པ་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད།

འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་ཁྱབ་གདལ་བཏང་བ་དེས་འགྲིམ་འགྲུལ་དོ་དམ་གྱི་སྲིད་དོན་ཞབས་ཞུའི་གྲངས་གཞིའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་གློག་རྡུལ་ལག་ཁྱེར་སྤྱོད་ཤུགས་ཆེ་རུ་ཕྱིན་ནས་འཁོར་བདག་ལ་དྲ་ཐོག་ནས་ལག་ཁྱེར་གསལ་སྟོན་གྱི་ཨང་རྟགས་གསལ་བའི་ཞབས་ཞུ་བཏོད་དེ་འགྲིམ་འགྲུལ་དོ་དམ་སྟབས་བདེ་ཅན་གྱི་ལེའུ་གསར་པ་ཞིག་བཏོད་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190523.html 1 /enpproperty-->