(2024ལོའི་ཟླ་11ཚེས་5ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་གནང་བའི《2024ལོའི་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པའི་སྐོར་གྱི་སྙན་ཞུར》ཉན་པ་དང་།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཏོན་པའི་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པར་ཞིབ་བཤེར་བྱས་པ་རེད། ཚོགས་འདུའི་ཐོག 《2024ལོའི་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུ》དང་དེ་བཞིན《ལྷ་ས་གྲོང་ཁྱེར་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུར》མོས་མཐུན་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་རིམ་པ་འདིའི་2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社