分享按钮

(པར་ངོས་དང་པོར་མཐུད)ནཊ་བྱི་ནི་འཚོ་བའི་རྣམ་པར་གཞིཊ་ནས་ཤིང་བྱི་དང་། ས་ངོས་ནཊ་བྱི། འཕུར་ཐུབ་པའི་ནཊ་བྱི་བཅས་རིགས་གསུམ་ལ་དབྱེ་ཡོད། འཕུར་ཐུབ་པའི་ནགས་བྱི་ལ་རྒྱ་སྐད་དུ་པགས་བྱི(གཟུགས་ཆེ་བ)དང་བྱ་མ་བྱི(གཟུགས་ཆུང་བ)ཟེར། འགྱུར་རྡོའི་ཟིན་ཐོ་ལས་མངོན་པར་གཞིགས་ན། འཕུར་ཐུབ་པའི་ནགས་བྱིའི་འབྱུང་ཁུངས་ནི་ཡོ་རོབ་བམ་ཡང་ན་གླིང་ཆེན་ཨ་མེ་རི་ཁ་བྱང་མ་ནས་ཡིན་པ་དང་། གཡེང་འཕུར་ནུས་པ་ཐོབ་རྗེས། འཕུར་ཐུབ་པའི་ནགས་བྱི་དང་མ་ལག་འཚར་སྐྱེའི་གནས་ཡུལ་འདྲ་མཚུངས་ཡིན་པའི་ནཊ་བྱི་གཞན་དག་གི་རིཊ་དང་བསྡུར་ན་ཁྱབ་ཁོངས་དང་། སྣ་མང་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་དང་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་ནགས་ཚལ་ཁུལ་མང་པོར་ཁྱབ་ཡོད་ལ། ལྗིད་ཚད་ལ་ཁེ་13.5ནས་སྟོང་ཁེ་2ལས་བརྒལ་བ་སོཊ་ཡོད།

ལི་ཆོན་གྱིས་ད་ཆ་ཨེ་ཤེ་ཡར་འཕུར་ཐུབ་པའི་ནགས་བྱི་མང་ཤོས་ཡོད་པ་དང་། ཧི་མ་ལ་ཡ་ཤར་མའི་ས་ཁུལ་དང་དབྱི་ཐ་གླིང་ཚོམ་ནི་མང་ཤོས་ཡིན། ཐེངས་འདིར་ཤེས་རྟོགས་བྱུང་བའི་ཟིན་ཐོ་གསར་པ་དེ་ཧི་མ་ལ་ཡ་ཤར་མའི་ས་ཁུལ་དུ་གནས་ཡོད་ཅེས་དང་། ཁོང་གིས་ཐུན་མོང་མ་ཡིན་པའི་མོ་ཞི་ཀན་གྱི་སྐྲའི་དབྱིབས་ཡོད་པའི་འབྲུག་པའི་པགས་བྱི་ཆེན་པོ་ཡོད་པ་དེ་རྒྱལ་ནང་དུ་ད་དུང་ཡང་ཟིན་ཐོ་གནད་ལ་འཁེལ་བ་ཞིག་བཀོད་མེད་པ་དང་། ད་ཐེངས་ནི་དངོས་རིགས་དེ་རྒྱལ་ནང་དུ་དངོས་སུ་ཟིན་ཐོ་འགོད་ཐེངས་དང་པོ་ཡིན་པ་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)གྱིས་ཉེན་ཡོད་སྲོག་ཆགས་ལ་ཚོད་སྐོར་བྱས་པ་རེད། དེ་གོང་ལི་ཚང་གི་བྱ་མ་བྱི་ཆུང་ཆུང་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་འབར་མའི་བྱང་རྒྱུད་དུ་གནས་པ་དང་། ད་ཐེངས་ནི་བོད་རང་སྐྱོང་ལྗོངས་ཀྱི་གཅན་གཟན་རིགས་ཀྱི་ཟིན་ཐོ་གསར་པ་ཡིན་པ་དང་བརྟག་དཔྱད་གྲངས་གཞི་མི་འདང་བའི་རྐྱེན་གྱིས་གནས་སྐབས་དཔྱད་དཔོག་བྱེད་ཐུབ་མེད།

རིགས་གཅིག་མཁས་ཅན་གྱིས་ཤེས་རྟོགས་བྱུང་བར་གཞིགས་ན། འབྲུག་ཡུལ་གྱི་པགས་བྱི་དང་ལི་ཚང་གི་བྱ་མ་བྱི་ཡི་ཁྱབ་ཁུལ་ལ་ངོས་འཛིན་བྱེད་རྒྱ་ཆེ་རུ་ཕྱིན་པ་དེའི་ཐོག་ནས་ཧི་མ་ལ་ཡའི་ས་ཁུལ་དུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མཚོན་པས། ཧི་མ་ལ་ཡའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྐྱེ་དངོས་རིགས་གསར་པ་དང་ཟིན་ཐོ་གསར་པ་དེ་བས་མང་བ་ཤེས་རྟོགས་ཐུབ་པར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། ཞིབ་འཇུག་འདིར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་གཞོན་ནུའི་ཚན་རིག་ཐེབས་རྩ། ཡུན་ནན་ཞིང་ཆེན་གྱི་ཡུན་ནན་དར་རྒྱས་ཀྱི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞི་སོགས་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190506.html 1 /enpproperty-->