分享按钮

དགུན་དུས་སུ་འཛད་སྤྱོད་འཛིན་ཤོག་སྤྲད་པ་ལས་གྲོང་མི་ཚོར་ཕན་པ་ཆེན་པོ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ་དང་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།ད་ལོའི་ཟླ་11ཚེས་1ཉིན་ནས་བཟུང་།ཁྲེང་ཀོན་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་དགུན་དུས་ཀྱི་འཛད་སྤྱོད་དུས་ཚིགས་སུ་གཟའ་འཁོར་རེར་དགའ་བས་ཉོ་སྒྲུབ་བྱེད་ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།བྱེད་སྒོ་སྤེལ་རིང་སྤྲད་པའི་འཛད་སྤྱོད་འཛིན་ཤོག་དེ་མགྱོགས་མྱུར་གྲོང་མིའི་ལག་ནང་གི་སེམས་གསོའི་ཡོ་བྱད་ལྟ་བུར་གྱུར་ནས་གྲོང་མི་མང་ཚོགས་ཀྱི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་མ་ཟད།གྲང་ངར་ཆེ་བའི་དུས་སུ་འཛད་སྤྱོད་པར་དྲོ་སྐྱིད་དང་དངོས་ཕན་ཡང་ཐོབ་ཡོད་པ་རེད།

ཉིན་ཤས་གོང་།གསར་འགོད་པ་ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་སེ་ར་ལམ་ཚོང་ཁང་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་རྒྱ་ཆེ་ལ་དཀར་ཆ་དོད་པའི་དངོས་ཟོག་ཉོ་སྒྲུབ་ཀྱི་ཁོར་ཡུག་དག་རེད།

(པར་ངོས་གསུམ་པར་གཟིགས)

པར་འདི་ནི་གྲོང་མིས་སྒོ་རྩིས་ཚོང་ཁང་དུ་འཛད་སྤྱོད་འཛིན་ཤོག་སྤྱད་དེ་འཚོ་བའི་མཁོ་ཆས་ཉོ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190495.html 1 དགུན་དུས་སུ་འཛད་སྤྱོད་འཛིན་ཤོག་སྤྲད་པ་ལས་གྲོང་མི་ཚོར་ཕན་པ་ཆེན་པོ་ཐོབ་པ། /enpproperty-->