ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁུལ་ཆུང་གི་ལུས་སྦྱོང་བྱ་ཡུལ་ལ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་རྣམ་པ་དང་སྤུས་ཀར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་ཉིན་ལྟར་སྔ་དགོང་དུ་འདི་གར་ལུས་སྦྱོང་བྱེད་པར་ཡོང་གི་ཡོད་པས་གཟུགས་པོར་གསོན་ཤུགས་ཀྱིས་ཁེངས་འདུག་ཅེས་ཀུན་བདེ་གླིང་ཁྲོམ་གཞུང་རྩིད་ཞིང་སྡེ་ཁུལ་གྱི་གཞུང་ལམ་ཁུལ་ཆུང་གི་གྲོང་མི་ཚོས་རྒྱུན་དུ་བརྗོད་པའི་སྐད་ཆ་ཞིག་རེད། ཡུན་རིང་མ་ཕྱིན་པར་གཞུང་ལམ་ཁུལ་ཆུང་གི་ལུས་སྦྱོང་བྱེད་སར་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ལོ་ན་མི་འདྲ་བའི་གྲོང་མིའི་དགོས་མཁོ་སྐོང་ཐུབ་པས་ཚང་མས་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་བྱེད་ཀྱི་ཡོད།
ཉེ་ཆར་གསར་འགོད་པ་ཁུལ་ཆུང་དེར་སྐྱོད་སྐབས་གཞུང་ལམ་ཁུལ་ཆུང་སྒྱུར་བཀོད་བྱས་རྗེས་ལུས་སྦྱོང་ཡོ་བྱད་ཆ་ཚང་བ་དང་། ལམ་ངོས་ཁོད་སྙོམས་པ། སྤྱོད་གོ་ཆེ་བ། མིག་ལ་མཛེས་པ་བཅས་ཡོད་པ་མཐོང་ཡོད། འཆམ་འཆམ་དང་ལུས་རྩལ་གང་ཡིན་རུང་ས་ཆ་འདི་ནི་གདམ་ག་ཡག་ཤོས་ཤིག་རེད། ཁུལ་ཆུང་འདི་ཉིད་བསྐྲུན་ནས་ལོ་25ཙམ་ཕྱིན་པའི་ངོས་ནས་ལུས་སྦྱོང་བྱ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་རྗེས་གྲོང་མིའི་བདེ་སྐྱིད་ཀྱི་དགའ་ཚལ་དུ་གྱུར་ཡོད། ཚང་མས་ཡོ་བྱད་གསར་རྐྱང་སྤྱད་དེ་གཟུགས་པོར་སྦྱོང་བརྡར་བྱེད་པ་དང་ཆབས་ཅིག་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་དུ་སྡེ་ཁུལ་དེའང་འཁྲུག་ཆ་དོད་དུ་ཕྱིན་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社