分享按钮

ལྷ་ས་གྲོང་ཁྱེར་གྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་གྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་བཅས་བྱས་ཏེ་ས་གནས་དེ་གའི་མི་རྣམས་སྤོབས་པ་བྱེད་པ་དང་ཡུལ་གཞན་གྱི་མི་རྣམས་ཡིད་སྨོན་བྱེད་པའི་ས་མཐོའི་མུ་ཏིག་གྲོང་ཁྱེར་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བཏོད་པ།

​ ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་གྱི་སྒྲིལ་གླེང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ནི་ཕར་ཆིན་རྒྱག་པ་ལྟར་ཞིབ་ཚགས་ལྡན་པ་ཞིག་ཡིན་དགོས་ཞེས་བསྟན་གནང་ཡོད། 2023ལོའི་ཟླ་11པར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ། བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། བྱ་སྤྱོད་མྱུར་སྤེལ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྲིག་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅིང་། ལོ་རྒྱུས་དང་རིག་གནས་ལྡན་པའི་གྲགས་ཅན་གྲོང་ཁྱེར་གྱི་མིང་བྱང་གང་ལེགས་མངོན་པར་བྱས་ནས་ས་གནས་དེ་གའི་མི་རྣམས་སྤོབས་པ་བྱེད་པ་དང་ཡུལ་གཞན་གྱི་མི་རྣམས་ཡིད་སྨོན་བྱེད་པའི་ས་མཐོའི་མུ་ཏིག་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་བཏོད་ཡོད།

མཐོ་ས་ནས་སྐུལ་འདེད་བཏང་སྟེ།

འགོ་ཡག་པོ་ཚུགས་པ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས་པ།

ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཙུའུ་ཀྲང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་སྤྱིའི་སྣེ་ཁྲིད་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་གནང་བ་བཅས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དེའི་གཤམ་འོག་ཏུ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་8དང་། གྲོང་ཁྱེར་སྒྲིག་ཨུད་ཀྱིས་འགན་འཁུར་བའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དང་གྲོང་ཨུད་དྲིལ་བསྒྲགས་པུས་འགན་འཁུར་བའི་དྲིལ་བསྒྲཊ་ཚོགས་ཆུང་2བཙུགས་ཡོད། “1+8+2”ཀྱི་གྲོང་ཁྱེར་རིམ་པའི་ཆེད་དོན་ལས་དོན་གྱི་འགོ་ཁྲིད་རྣམ་པ་ཞིག་ཆགས་པར་བྱས་ཏེ། རྫོང(ཆུས)ཁག་དང་ནུས་པའི་ཁུལ་གྱིས་དེ་མཚུངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ།ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ། སྡེ་ཚན་གྱིས་མཉམ་སྒུལ། མི་སྣ་ཡོངས་ཞུགས་པ། ཕྱོཊ་ཡོངས་ནས་བཅོས་སྒྲིག་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆཊ་པར་བྱས་ནས་ལས་དོན་ཁག་ཏན་ཏིག་དང་ནུས་ཆེའི་སྒོ་ནས་སྤེལ་རྒྱུར་འགན་ལེན་བྱས་ཏེ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ལྷ་སའི་མཛེས་རིས་གསར་པ་བཏོད་ཡོད།

ཞིབ་ཕྲའི་ལས་དོན་ཁྲོད་དུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱིས་སྔ་རྗེས་སུ་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ལས་ཡུལ་དངོས་སུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་དོ་ཁུར་དང་སེམས་ནུས་གང་ཡོད་བཏོན་ནས་མཛུབ་ཁྲིད་བྱས་ཡོད། ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ལྟ་སྐུལ་མཛུབ་ཁྲིད། དྲིལ་བསྒྲགས་འཕྲིན་སྤེལ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-05 ​ ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་གྱི་སྒྲིལ་གླེང་། 6 6 拉萨日报藏文 c190405.html 1 ལྷ་ས་གྲོང་ཁྱེར་གྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་གྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་བཅས་བྱས་ཏེ་ས་གནས་དེ་གའི་མི་རྣམས་སྤོབས་པ་བྱེད་པ་དང་ཡུལ་གཞན་གྱི་མི་རྣམས་ཡིད་སྨོན་བྱེད་པའི་ས་མཐོའི་མུ་ཏིག་གྲོང་ཁྱེར་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བཏོད་པ། /enpproperty-->