བོད་བྱང་ཐང་དུ་གནས་པའི་འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་མངའ་ཁོངས་ཀྱི་ཐག་རིང་ཤོས་དང་ཆ་རྐྱེན་ཅུང་ཞན་པའི་རྫོང་ཞིག་ཡིན་ཞིང་། ཆ་སྙོམས་བྱས་ན་ས་བབ་མཐོ་ཚད་སྨི་4300ཟིན་གྱི་ཡོད། ས་མཐོའི་རླུང་གནོན་དམའ་བ་དང་། གྲང་ངར་ཆེ་བ། གསོ་རླུང་མི་འདང་བ་བཅས་ཀྱི་ཁྱད་ཆོས་ནི་ས་ཆ་འདི་གར་མཚོན་ན་མངོན་གསལ་དོད་པོ་ཡོད།
ལོ་ངོ་30ཡི་རིང་། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་མང་པོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། འདམ་གཞུང་རྫོང་གི་ས་གཞི་ཆེན་མོར་བསྐྱོད་ཅིང་། ཁོང་ཚོས་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་དང་། འདམ་གཞུང་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ། བློ་བརྟན་འགྱུར་མེད་ངང་ས་མཐོར་གཞི་ཚུགས་པ་དང་། དམ་པ་དོན་གཉེར་གྱིས་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཏེ་འདམ་གཞུང་རྫོང་གི་འཕེལ་རྒྱས་ཀྱི་ཆེད་དུ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
འདམ་གཞུང་རྫོང་དུ་གནས་པའི་བོད་ལྗོངས་གནམ་མཚོ་དངོས་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། རང་འགུལ་ཅན་གྱི་ཐོན་སྐྱེད་མགྱོགས་མྱུར་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་སྟེ། ཆུ་ཐག་གཅོད་དང་། ལྕགས་ཀྲིན་ནང་བླུག་པ། ཚོང་རྟགས་སྦྱར་བ། འཕྲུལ་འཁོར་གྱིས་ཤེལ་དམ་ཞིབ་བཤེར་བྱེད་པ་སོགས་གོ་རིམ་མང་པོ་བརྒྱུད་རྗེས། རང་བྱུང་དང་། དྭངས་གཙང་། སྦགས་བཙོག་མེད་པ་བཅས་ཀྱི་སྤུས་ཚད་ལེགས་པའི་གཏེར་ཆུ་སྒམ་ནང་བླུག་བཞིན་ཡོད། པེ་ཅིང་གྲོང་ཁྱེར་གྱི་ཐོན་ལས་བོད་སྐྱོར་རྣམ་གྲངས་ཁག་བརྒྱད་པའི་གྲས་ཤིག་ཡིན་པའི་ངོས་ནས་ཀུང་སི་དེས་མིག་སྔར་ལོ་རེར་འཐུང་ཆུ་ཏུན་ཁྲི་35ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ལོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1300ཟིན་གྱི་ཡོད། སྤུས་རྟགས་གཙོ་བོ་གཏེར་ཆུ་7100རྟགས་ཅན་དང་། གནམ་མཚོ་ཕྱུག་མོ། གནམ་མཚོའི་གནས་ཆུ་སོགས་ཡིན་པ་རེད། 2017ལོར། པེ་ཅིང་གི་རོགས་སྐྲུན་མ་དངུལ་བཏང་བ་བརྒྱུད། ཐོན་སྐྱེད་འཁོར་ཁང་ལ་མཁྲེགས་ཆས་དང་མཉེན་ཆས་ཐད་ཚད་བརྒལ་གསར་པ་བྱུང་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་ལག་རྩལ་གྱི་ཆུ་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
བོད་ལྗོངས་གནམ་མཚོ་དངོས་ལས་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་དཔལ་གྱིས། སྐབས་དེ་དུས་བོད་སྐྱོར་མ་དངུལ་སྒོར་ཁྲི་2143བཏང་བ་དེ་དག་འཁོར་ཁང་རྒྱས་སྐྲུན་དང་། སྒྲིག་ཆས་ཉོ་སྒྲུབ། ལས་ཞུགས་ཐག་གཅོད་སོགས་ཀྱི་ཐད་སྤྱད་ཡོད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པས་རྟག་ཏུ་ང་ཚོའི་བཟོ་གྲྭར་གནས་ཚུལ་མཁྱེན་རྟོཊ་བྱེད་པར་ཡོང་ནས་ང་ཚོར་ཐོན་རྫས་ཁྱབ་གདལ་དང་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རོགས་གནང་ཡོད། ད་ལྟ་ང་ཚོའི་ཐོན་རྫས་པེ་ཅིང་དང་ཅང་སུའུ་སོགས་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་ཅེས་བཤད།
ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་བཞིན་ཡོད། པེ་ཅིང་བོད་སྐྱོར་གྱི་རོགས་སྐྱོར་འོག་དང་། བོད་སྐྱོར་ལས་བྱེད་པས་མཐུན་སྦྱོར་དང་འོས་སྦྱོར་བྱས་པ་བརྒྱུད། གཏེར་ཆུ་7100རྟགས་ཅན་དང་གནམ་མཚོ་ཕྱུག་མོ་སོགས་བོད་ཀྱི་ཆུ་བཟང་པོ་བོད་ནས་ཕྱིར་ཚོང་བྱས་པར་རྒྱལ་ཡོངས་མི་དམངས་ཀྱིས་ཁས་ལེན་གང་ལེཊ་བྱེད་ཀྱི་ཡོད།ཀུང་སི་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་ས་གནས་འདི་གའི་མང་ཚོགས་དེ་བས་མང་བ་སྒོ་རྩར་ལས་ཞུགས་ཐུབ་པ་དང་། ད་ཆ་ཀུང་སིར་ལས་བཟོ་བ་50ལྷག་ཙམ་ཡོད་པ་དང་། དེའི་ནང་ས་གནས་འདི་གའི་ལས་བཟོ་བས་བརྒྱ་ཆ་90བཟུང་ཡོད།
བོད་ལྗོངས་གནམ་མཚོ་དངོས་ལས་ཚད་ཡོད་ཀུང་སིའི་ལས་བཟོ་བ་སྐལ་བཟང་ཕུན་ཚོགས་ཀྱིས། ང་ནི་ཀུང་སིའི་ཉོ་སྒྲུབ་པ་ཞིག་ཡིན་ལ། 2017ལོར་ལས་ཞུགས་བྱས་པ་ཡིན། ཀུང་སིའི་ཐོབ་ཆ་ཧ་ཅང་ཡག་པོ་འདུག ལས་མིར་ཁེར་རྐྱང་གི་ཉལ་ཁང་ཡོད་པར་མ་ཟད། ལས་རོགས་དབར་མཐུན་སྒྲིལ་ཡང་ཡག་པོ་ཡོད། འདི་གར་ལས་ཀ་བྱེད་སྐབས་ཁྱིམ་དང་ཐག་ཉེ་བར་མ་ཟད། ཡོང་འབབ་ཀྱང་མང་པོ་ཡོད་ཅེས་གསར་འགོད་པར་བཤད།
ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་ཁོ་ནའི་རྫོང་གཅིག་པུ་དེ་ཡིན་པའི་འདམ་གཞུང་རྫོང་གི་རྩྭ་ཐང་དང་། གངས་རི། ཆུ་ཚན། མཚོ་བཅས་ས་མཐོའི་དམིགས་བསལ་གྱི་དམངས་སྲོལ་རིག་གནས་དང་ཕན་ཚུན་འབྲེལ་འདྲིས་བྱུང་བས། ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ནི་འདམ་གཞུང་གི་གོ་སྐབས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བོད་སྐྱོར་ལས་བྱེད་པའི་རོགས་རམ་ཤུགས་ཆེན་འོག འདམ་གཞུང་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཡུལ་སྐོར་རྣམ་གྲངས་དང་། རིག་གནས་ཡུལ་སྐོར་ཁྱབ་གདལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་གཞན་བརྟེན་རྣམ་པ་ནས་རང་བརྟེན་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་བྱུང་ཞིང་། པེ་ཅིང་གིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཐད་སྤྱད་པས། འདམ་གཞུང་རྫོང་གི་རིག་གནས་དང་ཡུལ་སྐོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་གིས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社