分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་31ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ལྷ་སའི་སྐྱིད་ཆུའི་ཆུ་སྒོ་ཨང་3པ་དང་། གཙང་འགྲམ་སྤྱི་གླིང་གི་ལམ་རྒྱུད།བདེ་སྐྱིད་ལམ། བརྒྱད་གཅིག་ལམ། གཡུ་ཐོག་ལམ། རྡོ་སེང་གེ་ལམ་སོཊ་སུ་བསྐྱོད་དེ་ས་ཡུལ་དངོས་སུ་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་རྒྱུན་གཏན་གྱི་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གཙང་པོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་བཅོས་སྒྲིག་གི་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྒྲིག་གི་ནུས་པ་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལྷ་ས་འདི་ཉིད་མི་འཚོ་སྡོད་དང་འབྱུང་ཁམས་ལ་འཚམ་པའི་གྲོང་ཁྱེར་གྱི་དཔེ་མཚོན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་རྐང་ཐང་ལམ་བརྒྱུད་ལྷ་སའི་སྐྱིད་ཆུའི་ངོཊ་ཀྱི་དོ་དམ་དང་སྲུང་སྐྱོང་བྱེད་ཚུལ་ལ་སྐོར་ཞིབ་གནང་བ་དང་། ལས་རིགས་དོ་དམ་སྡེ་ཚན་དང་ཁོངས་གཏོགས་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་སྙན་ཞུར་གསན་པ། ཆུ་སྒོའི་འཁོར་སྐྱོད་དོ་དམ་དང་། ལས་རེས་ཀྱི་ལས་གནས། འཕྲལ་སྡོམ་སྔོན་ཇུས། དངོས་ཟོག་གྲབས་གསོག་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཆུ་དཔོན་ལམ་ལུགས་ནི་ལྷ་ས་འདི་ཉིད་མིའི་འཚོ་སྡོད་དང་འབྱུང་ཁམས་ལ་འཚམ་པའི་གྲོང་ཁྱེར་ཞིག་ཏུ།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-05 6 6 拉萨日报藏文 c190401.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->