分享按钮

སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པར་འཛུགས་སྐྲུན་ཚན་པ་ཁག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

པར་འདི་ནི་ལས་དོན་མི་སྣས་མེ་ཏོག་པད་མའི་དབྱིབས་ཀྱི་གློག་སྒྲོན་སྒྲིག་སྦྱོར་བྱེད་བཞིན་པའི་རྣམ་པ་ཡིན།

ཟླ་10ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་བཅིངས་འགྲོལ་ཤར་ལམ་དང་། མི་རིགས་ལྷོ་ལམ། གླིང་སྐོར་ནུབ་ལམ་བཅས་སུ་ཕེབས་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན་ནས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཉིན་ཤས་བསྟུད་མར། འཛུགས་སྐྲུན་ཚན་པ་དང་ཨར་ལས་ཚན་པ་ཁག་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་དམ་པོར་དམིགས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས་ཆབ་སྲིད་ཀྱི་འདུ་འགོད་དང་། སྤུས་ལེཊ་ཀྱི་འདུ་འགོད། དམངས་སེམས་ཀྱི་འདུ་འགོད་བཅས་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།

བཅིངས་འགྲོལ་ཤར་ལམ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དཀར་ཆ་དོད་པའི་ལས་གྲྭའི་ལམ་དུམ་གཙོ་བོའི་གྲས་ཤིག་རེད། ཟླ་10ཚེས་29ཉིན་གྱི་ཕྱི་དྲོ།གསར་འགོད་པས་ཤེས་རྟོཊ་བྱུང་བར་གཞིགས་ན།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པར་འཛུགས་སྐྲུན་ཚན་པ་ཁག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c190347.html 1 སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། /enpproperty-->