分享按钮

ཀླུ་སྒུག་སྡེ་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ།

མི་རིགས་ཁག་གིས་མཉམ་དུ་འཚོ་བར་རོལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་ནི་གནའ་གྲོང་ལྷ་སའི་གཙུག་ལག་ཁང་གི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་། དེ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་ཡིན། ཉེ་ཆར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་ཀླུ་སྒུག་སྡེ་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་རེད། གཟི་བརྗིད་དེ་ནི་ཀླུ་སྒུག་སྡེ་ཁུལ་གྱིས་ལོ་མང་རིང་འབད་བརྩོན་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་ཚོས་ཐུན་མོང་ཐོག་འབད་འཐབ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་དཔང་པོ་ཡག་པོ་ཞིག་ཀྱང་རེད།

ཀླུ་སྒུག་སྡེ་ཁུལ་དུ་བོད་རིཊ་དང་། རྒྱ་རིཊ། ཧུའེ་རིཊ། ཧོར་རིཊ། ཡུ་གུར་རིགས། སོག་རིགས་སོཊ་མི་རིཊ་11ཡོད། སྒོ་ར་ཆེ་ཆུང་28དང་ཁུལ་ཆུང་གསུམ། དེ་བཞིན་མི་རིཊ་མི་འདྲ་བ་མང་པོས་མཉམ་དུ་གཉེར་སྐྱོང་བྱེད་པའི་ཚོང་ཁང་སོཊ་ཡོད། ལོ་མང་པོའི་རིང་། སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་འཆམ་མཐུན་མཉམ་གནས་བྱས་ནས་ཐུན་མོང་ཐོག་ཞི་མཐུན་དང་མཛེས་པའི་ཁྱིམ་གཞིས་བསྐྲུན་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 ཀླུ་སྒུག་སྡེ་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ། 6 6 拉萨日报藏文 c190346.html 1 མི་རིགས་ཁག་གིས་མཉམ་དུ་འཚོ་བར་རོལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ། /enpproperty-->