分享按钮

སྤུས་ཚད་མཐོན་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་བཀོད་པ།

(པར་ངོས་དང་པོར་མཐུད)ལས་ཞུགས་ཀྱི་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་ཞུགས་ཀྱི་འབོར་ཚད་མང་དུ་གཏོང་བ། ལས་ཞུགས་ཀྱི་གྲུབ་གཞི་ལེགས་སུ་གཏོང་བ་བཅས་ལ་ཚོད་འཛིན་བཟོས་པའི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པའི་ཁེ་དབང་ལ་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ལས་ཞུགས་ནི་ཁྱིམ་དོན་ཞིག་ཡིན་ལ། དེ་བས་ཀྱང་རྒྱལ་ཁབ་ཀྱི་ལས་དོན་ཞིག་ཀྱང་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་སྒྲིག་འཛུཊ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190311.html 1 སྤུས་ཚད་མཐོན་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་བཀོད་པ། /enpproperty-->