(པར་ངོས་དང་པོར་མཐུད)སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལག་ལེན་ཕྱོགས་ཡོངས་ནས་སྤེལ་དགོས་པའི་མཛུབ་སྟོན་གནང་བར་མ་ཟད།ཀྲུང་གོའི་ཧྭ་སྣུམ་ཚོགས་པས་ཤེས་ལྡན་པ་དང་།མ་དངུལ། དོ་དམ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དང་། བྱ་གཞག་འཕེལ་རྒྱས་ལ་ཕན་པ།ཕྱོགས་གཉིས་པོར་ཕན་པ་བཅས་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་གསོལ་མགྲོན་ཁང་དང་ཚོང་འགྲུལ།སྡེ་ལས་དོ་དམ།ཚོང་དོན་ཟོག་འགྲེམས་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་སྟེ།ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དེ་བས་མང་བའི་བློ་གྲོས་ལེཊ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲའོ་ཧོའུ་ཁྲོན་གྱིས།ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་།ཀྲུང་གོའི་ཧྭ་སྣུམ་ཚོགས་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གོའི་ཧྭ་སྣུམ་ཚོགས་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ལས་སྒོའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཀྲུང་གོའི་ཧྭ་སྣུམ་ཚོགས་པས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འདི་ཉིད་ཁྲིད་སྟོན་དུ་བྱས་ནས་ནུས་པའི་ངེས་གནས་ལ་གཞི་ཚུགས་པ་དང་མཉམ་ལས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ།གྲོང་ཁྱེར་འཛུགས་སྐྲུན་དང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སོགས་ཐད་ཀྱི་དགོས་མཁོར་གནད་ལ་འཁེལ་བའི་ངང་སྦྲེལ་མཐུད་བྱེད་པ་དང་།ལྷ་སར་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁེ་ལས་དང་ས་གནས་གཉིས་ཀྱི་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社