分享按钮

ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་སྣུམ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ཀྲའོ་ཧོའུ་ཁྲོན་བཅས་པ་དང་བཞུགས་མོལ་གནང་བ།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་སྣུམ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ཀྲའོ་ཧོའུ་ཁྲོན་བཅས་པ་དང་བཞུགས་མོལ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་སྣུམ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ཀྲའོ་ཧོའུ་ཁྲོན་བཅས་པ་དང་བཞུགས་མོལ་གནང་སྟེ་ཕྱོགས་གཉིས་པོས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤེལ་རེས་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ལུའུ་ཝུན་ཀྲུང་།དེ་བཞིན་ཀྲུང་གོ་ཧྭ་སྣུམ་ཚོགས་པའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཞུས། ཀྲུང་གོ་་ཚོགས་པའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་རྩིས་པ་ཀུའོ་ཡན་ཧྥུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

ཤའོ་ཡིའུ་ཚའེ་ཡིས་ཀྲའོ་ཧོའུ་ཁྲོན་དང་བཅས་པ་འདི་གར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་སྦྲགས་ཧྭ་སྣུམ་ཚོགས་པས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་དེང་སྐབས་ང་ཚོས་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ། གདོང་དམག་བདུན་ཡག་པོ་བྱ་རྒྱུར་དམིགས་པ། རྩ་དོན་ལྔ་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་བྱེད་ནུས་ཁུལ་ཆེན་པོ་གསུམ་སྟོབས་ཆེར་གཏོང་བ། ལས་རྣམ་རིགས་ལྔའི་འཕེལ་རྒྱས་ཁུལ་ལེགས་སུ་གཏོང་བ།ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190283.html 1 ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་སྣུམ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ཀྲའོ་ཧོའུ་ཁྲོན་བཅས་པ་དང་བཞུགས་མོལ་གནང་བ། /enpproperty-->