分享按钮

གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོཊ་འདུ་འཚོཊ་པ།

གནམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་ཞིབ་འཇུག་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གནམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་ཞིང་སྐུལ་འདེད་གཏོང་ཚུལ་ལ་གསན་པ་དང་། སླད་ཕྱིན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཝང་ཆང་གིས། གནམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུ་དེ་ནི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པས།རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ནུས་པ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་དོ་དམ་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསལ་དུ་བཏང་སྟེ་ཚུགས་གནས་དེ་བས་མཐོ་བ་དང་རྣམ་པ་དེ་བས་ཆེ་བའི་ཐོག་ནས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 གནམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་ཞིབ་འཇུག་བྱས་པ། 6 6 拉萨日报藏文 c190280.html 1 གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོཊ་འདུ་འཚོཊ་པ། /enpproperty-->