ལྷ་སའི་མཉམ་འདྲེས་སྨྱན་སྦྱོརལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། མིག་གཅེས་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོའི་ལྷ་སའི་ས་ཚིགས་ཀྱི་དུས་ཚིགས་བཅུ་པའི་བྱེད་སྒོ་དང་ལོ་བཅུ་འཁོར་བའི་དྲན་གསོའི་མཛད་སྒོ་ལྷ་སར་འཚོགས་ཤིང་། མིག་གཅེས་བྱ་སྤྱོད་ནི་ཀྲུང་གོའི་བཟོ་ཚོང་དངུལ་ཁང་དང་། པེ་ཅིང་རྗེས་སྐྱེས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་སོགས་སྒྲིག་གཞི་མང་པོས་ཐུན་མོང་ཐོག་སྤེལ་བའི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ཆེ་གྲས་ཤིག་ཡིན་ཞིང་། ལོ་བཅུའི་རིང་། བྱེད་སྒོ་དེས་རིམ་རྩིས་བྱས་ན་བོད་ཀྱི་བྱིས་པ་ཁྲི་6.5ལ་རིན་མེད་ངང་མིག་ལ་བརྟག་དཔྱད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད།
ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭའི“སྤྱི་ཕན་དང་འོད་སྣང་མཉམ་དུ་སྤེལ”ཞེས་པའི་2024ལོའི་མིག་གཅེས་བྱ་སྤྱོད་ཀྱི་དུས་ཚིགས་བཅུ་པའི་བྱེད་སྒོ་སྤེལ་ཡུལ་དུ། མིག་གཅེས་བྱ་སྤྱོད་ཀྱི་སྤྱི་ཕན་ཚོགས་པས་སློབ་གྲྭ་དེའི་ལོ་རིམ་3པ་ནས་5པའི་བར་གྱི་སློབ་མ་3613གྱི་མིག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དེའི་ནང་ཀྱོག་འོད་བརྟག་དཔྱད་དང་། མིག་མཐིལ་བརྟག་དཔྱད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社