(པར་ངོས་གསུམ་པར་མཐུད)ལྷ་སའི་ཐོན་ཁུངས་དང་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་ལོ་ངོ་20ཡི་རིང་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོས་ཕུལ་བྱུང་གི་ཤེས་ལྡན་པ་རབ་དང་རིམ་པ་གསོ་སྐྱོང་བྱས་ཡོད། ང་ཚོས་བྱང་ཐང་གི་སློབ་མ་དང་ནག་ཆུའི་འཕེལ་རྒྱས་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།
བྱེད་སྒོའི་མཇུག་ཏུ་སློབ་གྲྭ་དབུས་བརྙེས་པར་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་བྱས་ཞིང་། མཉམ་གཞས《བརྩེ་སེམས་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོར་གནས། བརྩེ་བ་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོར་འཆང》སོཊ་ངོ་མཚར་ཆེ་བའི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་པར་མ་ཟད། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས་ཤིང་མཆིས།
ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་ཕན་ཀྲི་ཅུན་གྱིས་ཡུལ་གཞན་དུ་སློབ་གཉེར་བྱེད་པའི་གསར་གཏོད་བྱེད་ཐབས་དང་ཀྲེ་ཅང་གི་སློབ་གསོའི་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་ལོ་ངོ་20ཡི་རིང་སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པ་དང་། སློབ་གསོའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད། སློབ་ཁྲིད་ཀྱི་སྤུས་ཚད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོ་འདི་ཉིད་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བའི་རེ་བ་ཡོད་ཅེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社