分享按钮

ལྷ་སའི《སྲིད་ཇུས་དོན་ཚན་བརྒྱད》ཀྱིས་ཁེ་ལས་དང་ དམངས་ལ་ཕན་བདེ་བསྐྲུན་པ།

འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱ་ཆེད། 2024ལོའི་ཟླ་6ཚེས་1ཉིན། རང་གྲོང་གིས་བཏོན་པའི《ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》(གཤམ་དུ《སྲིད་ཇུས་དོན་ཚན་བརྒྱད》ཅེས་བསྡུ་རྒྱུ)ཀྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་བརྒྱུད། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད། 《སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱས་ནས་ཉིན་100ལྷག་ཙམ་སོང་ཚུན། རང་གྲོང་གི་ཚན་པ་ཁག་གིས་སྤྱོད་ཚུལ་ལེགས་འགྱུར་དང་། ལས་ཀའི་བྱེད་ཐབས་ཞིབ་བཟོ། སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཅས་ཧུར་ཐག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

《སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱས་ཚུན། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གནད་དུས་ཆེན་དང་། བྱེད་སྒོ་གལ་ཆེན་གྱི་སྐབས་སུ་ཆེད་དོན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲད་དེ་རྫོང(ཆུས)ཁག་དང་། དཔལ་འབྱོར་ནུས་པའི་གླིང་ཁུལ་མཉམ་དུ་ཞུགས་རྒྱུར་སྐུལ་སློང་བྱས་ནས་ཁེ་ལས་ལ་རོགས་སྐྱོར་དང་། དམངས་འཚོར་ཕན་པ། དམངས་ལ་ཕན་པ་བཅས་ཀྱི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་རྒྱུའི་འགན་ལེན་བྱས་པ་རེད། རྒྱལ་སྟོན་རིང་། རང་གྲོང་གི་ཁྲོམ་ར་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱུན་གཏན་གྱི་ཁྱིམ་ཆས་དང་། ཤིང་འབྲས། སྔོ་ཚལ་བཅས་ལ་འཛད་སྤྱོད་པའི་དགའ་བསུ་མི་ཐོབ་པ་གཅིག་ཀྱང་མེད། གཟིགས་སྐྱོང་ཁ་གསབ་སྲིད་ཇུས་ལས་འཛད་སྤྱོད་པས་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སྤྱོད་ཐུབ་པ་དང་། དུས་མཚུངས་སུ་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་ཡང་ཚོར་ཐུབ་པ་བྱུང་ཡོད།

ལྷ་སའི་པའེ་དབྱི་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་མ་ཏེ་ཀྲིས་དམངས་ཕན་འཛད་སྤྱོད་འཛིན་ཤོག་སྤྲད་པ་དེས་ཚོང་པར་ཕན་པ་ཐོབ་པར་མ་ཟད། མང་ཚོགས་ཀྱིས་འཛད་སྤྱོད་བྱེད་པའི་འདུན་པ་ཡང་སྔར་བས་ཆེ་རུ་བཏང་ཡོད། རྒྱལ་སྟོན་རིང་། ང་ཚོའི་སྒོ་རྩིས་ཚོང་ཁང་གི་ཕྱིར་ཚོང་དངུལ་འབོར་དུས་རྒྱུན་ལས་བརྒྱ་ཆ་30ཡས་མས་འཕར་ཡོད། ཉིན་ལྟར་ཆ་སྙོམས་བྱས་ན་འགྲུལ་པ་1800ཡོད་པ་དང་། འགྲུལ་པ་མི་རེས་སྒོར་120ཙམ་ནས་ད་ཆའི་སྒོར་150ཙམ་བར་འཛད་སྤྱོད་བྱེད་ཀྱི་འདུག་ཅེས་བཤད།

ཟླ་9ཚེས་26ཉིན་བར། གྲོང་ཁྱེར་ཡོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་ཐེངས་55སྤེལ་བ་དང་། སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་1.5ཞིབ་བཤེར་རྩིས་སུབ་བྱས་པ། འཛད་སྤྱོད་སྒོར་དུང་ཕྱུར་10.6སྐུལ་ཁྲིད་བྱས་པ། སྤྱིའི་མ་རྩ་དང་ཁེ་དབང་མ་རྩའི་བསྡུར་ཚད་ལྡབ་7.07ཟིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་དུས་ཚིགས་གཞིར་བཟུང་འཁོར་རྒྱུག་འགྲན་བསྡུར་དུས་ཚིགས་ཀྱི་ཕྱིར་ཚོང་འགྲན་བསྡུར་ཆེན་མོར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས་ཚོང་དོན་ཁེ་ལས་ལ་ཁེ་བཟང་སྤྲོད་པ་དང་། བྲིན་ཚོང་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། དྲ་ཐོག་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

སྡོད་ཁང་གི་དགོས་མཁོ་ནུས་ལྡན་ངང་ལེགས་སུ་གཏོང་བ་དང་། ཁང་པ་ཉོ་མཁན་གྱི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། 《སྲིད་ཇུས་དོན་ཚན་བརྒྱད》ཀྱི་ནང་། མི་སྒེར་གྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་ཉོ་བར་དམིགས་ནས་སྡོད་ཁང་ཕྱིར་ཚོང་དངོས་སུ་འགྲིག་པའི་རིན་གོང་བརྒྱ་ཆ་8.2ཀྱི་ཁ་གསབ་སྤྲད་པ་དང་། མཐོ་ཤོས་སུ་སྒོར་ཁྲི་20ལས་བརྒལ་གྱི་མེད་པ་རེད། ཟླ་10ཚེས་1ཉིན། བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པའི་ནང་། ལྷ་ས་གྲོང་ཁྱེར་མ་འཇོག་གིས་ས་ཁང་བདག་ཁོངས་འོས་སྦྱོར་གྱི་བྱེད་སྒོ་ཞིག་སྤེལ་བ་དང་། སྐུ་མགྲོན་600ལྷག་ཙམ་གནས་ཚུལ་དེར་ཤེས་རྟོགས་བྱེད་པར་ཡོང་ཡོད། ལས་དོན་པས་ཡུལ་དངོས་སུ་ཁང་པ་ཉོ་སྐབས་ཀྱི་ཆ་འཕྲིན་ངོ་སྤྲོད་ཞིབ་ཕྲ་བྱས་པར་མ་ཟད། ཁང་པ་ཉོ་མཁན་ལ་ལྷ་སའི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ཀྱང་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད། སྲིད་གཞུང་གིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་ཀྱིས་ཡུལ་དངོས་སུ་གྲོང་ཕན་གཱ་སྤྲད་པ་སྟེ། སྒོར་ཁྲི་5སྤྲད་ཚེ་སྒོར་ཁྲི་8ཀྱི་གསེར་བྱང་གི་ཚབ་བྱེད་ཐུབ་པ་དང་། སྒོར་ཁྲི་3སྤྲད་ཚེ་སྒོར་ཁྲི་5ཡི་དངུལ་བྱང་གི་ཚབ་བྱེད་ཐུབ་པ། གྲོང་ཕན་གཱ་ཡིས་ཚབ་བྱེད་པའི་གཟིགས་སྐྱོང་དང་སྲིད་གཞུང་གི་ཁ་གསབ་གཟིགས་སྐྱོང་མཉམ་དུ་སྤྱད་དེ་ཁང་པ་ཉོ་མཁན་གྱི་སྐྱིད་སྣང་ཆེ་རུ་བཏང་བ་རེད།

ལྷ་ས་གྲོང་ཁྱེར་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཏུང་གིས་གསར་འགོད་པར《སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱས་ཚུན། ཀུང་སིའི་ནང་ཁང་པར་ལྟ་རུ་ཡོང་མཁན་དང་ཡང་ན་ཁང་པ་ཉོ་མཁན་མང་དུ་ཕྱིན་སོང་ཞེས་བཤད།

ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་ཐད། 《སྲིད་ཇུས་དོན་ཚན་བརྒྱད》ཀྱི་ནང་། སྲིད་གཞུང་གི་ཉོ་སྒྲུབ་ལས་གྲྭའི་རྣམ་གྲངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་ཐོབ་སྐལ་བརྒྱ་ཆ་30ཡན་ནས་བརྒྱ་ཆ་40ཡན་བར་མཐོ་རུ་བཏང་བ་དང་། གསར་དུ་བསྣན་པའི་མཛོད་འཇུག་འཆར་གཞིའི་ནང་བཅུག་པའི་ཞབས་ཞུའི་ལས་རིགས་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་མི་དམངས་ཤོག་སྒོར་ཁྲི་10སྤྲོད་རྒྱུ། གསར་དུ་བསྣན་པའི་འཆར་གཞིའི་ནང་གི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་ཐད་སྤྱོད་པའི་དངུལ་བུན་གྱི་སྐྱེད་ཀ་དེ་དངོས་སུ་བྱུང་བའི་དངུལ་གྲངས་ཀྱི་བརྒྱ་ཆ་50གཞིར་བཟུང་ནས་ཁ་གསབ་སྤྲོད་རྒྱུ་བཅས་རེད། སྲིད་ཇུས་ཁྱབ་བསྒྲགས་བྱས་རྗེས། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་འཕྲལ་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། སྐད་འཕྲིན་ཐོག་བརྒྱུད་བསྐུར། དྲན་སྐུལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཉོ་སྒྲུབ་བྱེད་མཁན་དང་། ཉོ་སྒྲུབ་ལས་ཚབ་སྒྲིག་གཞི། དེ་བཞིན་རྫོང(ཆུས་དང་ནུས་པའི་གླིང་ཁུལ)གི་ནོར་སྲིད་ཚན་པར《སྲིད་ཇུས་དོན་ཚན་བརྒྱད》དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་འབྲེལ་སྔོན་ཉར་བྱེད་ཐབས་ཁ་གསལ་བཟོས་ནས་ཁེ་ལས་འབྲིང་ཆུང་གིས་སྲིད་ཇུས་ཤེས་རྟོཊ་ཐུབ་ཚད་ཆེ་རུ་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོའི་སྔོན་རྩིས་དངུལ་གྲངས་སྒོར་ཁྲི་400ཡན་ཟིན་པའི་སྲིད་གཞུང་གི་ཉོ་སྒྲུབ་ལས་གྲྭའི་རྣམ་གྲངས་6ཡོད་པ་དང་། ཁེ་ལས་འབྲིང་ཆུང་ལ་འཚམ་པའི་རྣམ་གྲངས་6ཡོད་པ། མིག་སྔར་རྣམ་གྲངས་5ལེགས་གྲུབ་ཟིན་པ་བཅས་ཚང་མ་ཁེ་ལས་འབྲིང་ཆུང་ལ་རག་ལས་ཡོད་པ་དང་། རྣམ་གྲངས་1ལག་བསྟར་བྱས་མེད་པ་དང་། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ལས་དོན་པས་ཁ་པར་བརྒྱུད་ཉོ་སྒྲུབ་བྱེད་མཁན་ལ་སྲིད་ཇུས་ཀྱི་བླང་བྱ་ལྟར་ཐོབ་སྐལ་སྔོན་ཉར་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 6 6 拉萨日报藏文 c189031.html 1 ལྷ་སའི《སྲིད་ཇུས་དོན་ཚན་བརྒྱད》ཀྱིས་ཁེ་ལས་དང་ དམངས་ལ་ཕན་བདེ་བསྐྲུན་པ། /enpproperty-->