分享按钮

སྟོབས་ཤུཊ་གཅིག་ཏུ་བསྒྲིལ། འགག་སྒྲོལ་ཏན་ཏིག་བྱེད།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་རྒྱུན་མཐུད་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ད་ལོ་ནས་བཟུང་།ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྣེ་ཁྲིད་འོག་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ཆེད་དོན་ཚོགས་ཆུང་དང་།ཆེད་དོན་ལས་དོན་ཚོགས་ཆུང་གཉིས་ཀྱིས་ལས་འགན་ལ་དམ་པོར་དམིགས་ཏེ་བསམ་བློ་གཅིག་གྱུར་དང་།མཉམ་ཤུགས་གཅིག་སྒྲིལ།འགག་སྒྲོལ་ཏན་ཏིག་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་འབྲེལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་ཆེད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཟླ་རེར་དབྱེ་ཞིབ་ཚོགས་འདུ་ཐེངས་རེ་སྐོང་ཚོགས་བྱས་ནས་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ལས་དོན་དེར་གནང་བའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་།གཙོ་གནད་ལས་དོན་དོན་འཁྱོལ་བྱ་ཚུལ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག དེ་བཞིན་སླད་ཕྱིན་གྱི་ལས་འགན་ལ་བཀོད་སྒྲིག་བཅས་བྱས་ཡོད། གསར་འགོད་པས་ཉེ་ཆར་འཚོགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་བཅུ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགག་ས་ན།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་རྒྱུན་མཐུད་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ། 6 6 拉萨日报藏文 c189028.html 1 སྟོབས་ཤུཊ་གཅིག་ཏུ་བསྒྲིལ། འགག་སྒྲོལ་ཏན་ཏིག་བྱེད། /enpproperty-->