分享按钮

ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་མིའི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་རང་གྲོང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། འགོ་ཚུཊ་མཛད་སྒོའི་ཐོག་ཡུལ་དངོས་སུ་ཐད་གཏོང་བྱེད་པའི་རྣམ་པ་སྤྱད་དེ་རིམ་ཁག་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་རྒྱང་ཁྲིད་ནང་ཞུགས་པ་རེད།

ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱིས་ཆུ་ཚོད་7×24ཡི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུ་བརྒྱུད། ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་དེ་བཞིན་དེའི་ནང་མིར་སྟབས་བདེ་དང་ཆེད་ལས་ཀྱི་རྒྱང་ཁྲིད་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་དང་། རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུ་བརྒྱུད་ནས་ལས་བཟོའི་སྨན་བཅོས་ཀྱི་དུས་ཐོག་རང་བཞིན་གྱི་ནུས་པ་ཆེ་རུ་ཕྱིན་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་འགན་ལེན་དང་ཟུང་འབྲེལ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་བདེ་ཐང་གི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པས་ཁྱོན་ཡོངས་ཀྱི་བདེ་ཐང་སྲུང་སྐྱོང་དང་སྨན་བཅོས་རོགས་སྐྱོར་མངོན་འགྱུར་ཡོང་བར་བྱས་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 6 6 拉萨日报藏文 c189027.html 1 ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུཊ་པ། /enpproperty-->