ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་19པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས》ཞེས་པ་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་5པའི་རིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སྙིང་བསྡུས་བྱས་པ་ཞིག་ཡིན།
རྩོམ་ཡིག་ནང་ནན་གསུངས་གནང་དོན། རྒྱལ་གཅེས་ནི་འཇིག་རྟེན་མི་ཡུལ་གྱི་ཆེས་ཟབ་ཅིང་ཡུན་ཆེས་རིང་བའི་བརྩེ་བ་ཞིག་ཡིན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་ཞིང་། དེས་ཀྲུང་ཧྭའི་བུ་ཕྲུག་གིས་མི་རབས་ནས་མི་རབས་བར་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ལོ་ངོ་སྟོང་ཕྲག་ལྔའི་རིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社