分享按钮

རྔམ་བརྗིད་ལྡན་པའི་མདུན་སྐྱོད། འོད་སྟོང་འཕྲོ་བའི་མདུན་ལམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

སྦྲང་ཆར་ཟིལ་མའི་དྲིན་གྱིས་ཡུལ་ལ་ལོ་ལེགས་བྱུང་། དེ་རིང་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན། ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལམ་བུ་བརྒྱུད་དེ་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་དུ་སྐྱོད་བཞིན་ཡོད་ལ། མི་དམངས་དུང་ཕྱུར་མང་པོས་འབད་འབུངས་ཡར་བརྩོན་བྱས་ནས་ཕུགས་འདུན་རླབས་པོ་ཆེ་མངོན་དུ་འགྱུར་བའི་དཀར་འཚོ་ལེགས་ལམ་དུ་སྐྱོད་བཞིན་ཡོད།

“བྱ་ཕོའི་སྐད་གསང་གཅིག་གིས་གནམ་འོག་གསལ”ཞེས་པ་ལྟར། 1949ལོའི་ཟླ་10ཚེས་1ཉིན། སྐར་ལྔའི་དར་དམར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཐོག་མར་བསྒྲེངས་པ་དང་། ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་ཐུབ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་འགོ་བརྩམས། དཀའ་ངལ་ཁྱད་བསད་དང་རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་དུ་བསྐྱོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མིའི་རིགས་དེང་རབས་ཅན་གྱི་ལམ་བུ་གསར་པར་བསྐྱོད་ཐུབ་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ལ་རྣམ་པ་གསར་པ་བཏོད་པར་མ་ཟད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡང་བསྐྱོད་ཐུབ་ཡོད།

ལོ་ངོ་དོན་ལྔའི་རིང་ཤུགས་སྐྱེད་སྟོབས་སྤེལ་བྱས་པས། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 རྔམ་བརྗིད་ལྡན་པའི་མདུན་སྐྱོད། འོད་སྟོང་འཕྲོ་བའི་མདུན་ལམ། 6 6 拉萨日报藏文 c188956.html 1 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། /enpproperty-->