(པར་ངོས་དང་པོར་མཐུད)ཕུལ་བྱུང་གི་རོལ་དབྱངས་བརྩམས་ཆོས་ཁྲོད་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་དྲན་ཤེས་མཚོན་པར་བྱས་ཡོད་པ་རེད།
འབུད་གཏོང་རོལ་དབྱངས《མཉམ་དཀྲོལ་སྔོན་འགྲོའི་རོལ་དབྱངས་དང་པོ》དང་།མཉམ་ལེན་ཆེན་པོ《རྨ་ཆུའི་མཉམ་ལེན་ཆེན་པོ》བརྗིད་ཉམས་ལྡན་པའི་ངང་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཀྲུང་གོའི་མི་དམངས་ཀྱིས་ཁྲག་འདོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་ཏང་གི་འགོ་ཁྲིད་འོག་རྒྱལ་ཁ་རླབས་པོ་ཆེ་བླངས་པ་དང་ཀྲུང་གོ་གསར་པ་བཙུགས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་གང་ལེགས་མངོན་ཡོད།《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་གཞས་དེ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་།《ལོ་ལེགས་ལ་བསྟོད་གླུ་འབུལ》ཞེས་པར་དགའ་སྤྲོའི་རྣམ་པས་ཁེངས།འབུད་གཏོང་རོལ་དབྱངས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་སྐབས་ཀྱི་རང་སྟོབས་རང་སྤེལ་དང་འབད་འབུངས་ཧུར་ལེན་གྱི་བརྗེད་པར་དཀའ་བའི་ལོ་ཟླར་བསྐྱར་དྲན་བྱས་པར་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།འབུད་གཏོང་རོལ་དབྱངས《པེ་ཅིང་མཐའ་མཚམས་སུ་གཏམ་བཟང་འབྱོར》ཞེས་པ་དང་མི་རིགས་ཀྱི་རོལ་ཆ་མཉམ་དཀྲོལ《སྣ་མང་ཕུན་སུམ་ཚོགས་པའི་མཉམ་དཀྲོལ》ཞེས་པ་དེ་མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་མཉམ་འདྲེས་བྱས་ཏེ་མཛེས་སྡུག་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཐོག་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ལ་བསྟོད་གླུ་ཕུལ་ཡོད་པ་རེད།མཉམ་དཀྲོལ་གླུ་གཞས《རེ་བས་ཁེངས་པའི་ཞིང་ས》དང་།འབུད་གཏོང་རོལ་དབྱངས《གཞོན་ནུའི་གླུ་གཞས་རོལ་དབྱངས》ཀྱི་གཞས་གདངས་སྙན་འཇེབས་ལྡན་ལ་མྱུར་ཞིང་འཁྲུག་ཆ་དོད་པའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན།ཀྲུང་གོའི་མི་དམངས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།
ལོ་ངོ་75ཡི་རིང་ངལ་དུབ་ཁྱད་བསད་དང་ལོ་ངོ་75ཡི་རིང་སྐད་གསང་མཐོན་པོས་འབད་འཐབ་བྱས།རོལ་དབྱངས་འདུ་ཚོགས་ཧྲིལ་པོར་རྣམ་པ་འཁྲུག་ཆ་དོད་པ་དང་མཐོ་རླབས་ཡང་ཡང་འཕྱུར་བ་ཡོད།ཀང་ཆིན་དང་རོལ་ཆའི་རུ་ཁག་གིས་དཀྲོལ་བའི《གནམ་ས་གསར་པ》ཡི་ཉམས་འགྱུར་རབ་ཏུ་འཕེལ་བ་དང་།འབུད་གཏོང་རོལ་དབྱངས《རི་ཀླུང་རི་མོ་དང་འདྲ》ཞེས་པའི་བརྗིད་ཉམས་ལྡན་པའི་བརྩེ་དུང་མཚོན་པ།མཉམ་དཀྲོལ་མཉམ་གཞས《རྒྱང་སྐྱོད་ཀྱི་ལམ་བུ་གསར་པ》ཞེས་པའི་དཔའ་ཉམས་ལྡན་པའི་དུས་རབས་ཀྱི་གླུ་དབྱངས་རེ་རེ་བཞིན་བླངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་རང་ཡིད་རང་ཆེས་དང་།རང་འབད་དང་གསར་གཏོད་བརྟན་སྲུང་བྱེད་པའི་བསམ་པའི་ཉམས་འགྱུར་མཚོན་པས།ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།“སྐར་ལྔའི་དར་དམར་རླུང་གིས་གཡོ།རྒྱལ་ཁའི་གླུ་སྒྲ་ཧ་ཅང་མཐོན་པོར་གྲགས”ཞེས་པའི་གླུ་དབྱངས་དང་ཆབས་ཅིག་ཚོགས་ར་ཡོངས་ཀྱིས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་མཉམ་གཏོང་བྱས་པ་དང་ཆབས་ཅིག་རོལ་དབྱངས་འདུ་ཚོགས་མཇུག་འགྲིལ་བ་རེད།
རོལ་དབྱངས་འདུ་ཚོགས་ལ་ཞུགས་མཁན་གྱི་གྲས་སུ་ད་དུང་དབྱི་ལི་དང་། ཧྲི་ཐའེ་ཧྥུང་།ལིའུ་གོ་ཀྲུང་།ལི་ཀན་ཅེ།ལི་ཧྲུའུ་ལེ།ལི་ཧུང་ཀྲུང་།ཧོ་ཝུའེ་ཏུང་།ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ།ཀྲང་གོ་ཆིང་།ཁྲེན་ཝུན་ཆིང་།ཅ་ཆིང་ལིན།ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་།ལི་ཀྲན་ཧྲུའུ།དབང་དབྱང་།ཙེང་ཆིང་ཧུང་།ལི་ཁྲང་ཁྲུན།ཧོ་གོ་ཆང་།ལིའུ་ཡུན་ཧྲན། ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་དང་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུ།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་།རྒྱལ་ཡོངས་སྲིད་གྲོས།ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན།འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་ཞུ་བྱས་པའི་བློ་མཐུན་བཅས་ཡོད་པ་རེད།
ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི།སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། མཛའ་གྲོགས་གཟེངས་རྟགས། བདུན་གཅིག་གཟེངས་རྟགས།བརྒྱད་གཅིག་གཟེངས་རྟགས།རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་བཅས་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་དང་རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་འཐུས་མི།རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཡི་ཁོངས་མི།བློ་མཐུན་རྒན་གྲས།སྤུན་ཟླ་ཤང་ཀང་པ་དང་ཨའོ་མོན་པ།སྤུན་ཟླ་ཐའེ་དབན་པ།ཕྱིར་སྡོད་སྤུན་ཟླ་དང་དེ་བཞིན་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི།ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི།པེ་ཅིང་དུ་བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི།རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི།ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ།ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཁག་གི་ཀྲུང་གོར་བཅའ་སྡོད་འཐུས་མི།ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社