ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་རླབས་ཆེན་གྱི་མ་ཡུམ་མེས་རྒྱལ་ལ་ཕྱག་རྟགས་འབུལ་ཆེད། ཟླ་9པའི་ཚེས་28ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་གསར་པར་གུས་བཀུར་དང་བསྔགས་བརྗོད། དུས་རབས་གསར་པར་འབད་འབུངས་ཀྱིས་མདུན་དུ་སྐྱོད་ཅེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
རིག་རྩལ་འཁྲབ་སྟོན་དེ《མི་དམངས་ཀྱི་གནས་ཚུལ་ལ་ཞིབ་བཤེར》ཞེས་པའི་ཁྲོད་སྤེལ་འགོ་ཚུགས་པ་དང་། དེའི་རྗེས་སུ་ལྗོངས་རྣམ་ཟློས་གར《མེ་སྟག་ཆུང་ཡང་སྤང་ལྗོངས་སྲེག》དང་། ཞབས་བྲོ《དར་དམར་ལྷབ་ལྷུབ་ཏུ་གཡོ་བ》སོགས་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་བྱས་ནས་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་བཏོད་པ་བསྐྱར་དྲན་བྱས་པ་རེད། དེང་རབས་ཀྱི་ཞབས་བྲོ《ང་དང་ངའི་མེས་རྒྱལ》དང་། 《ངའི་ཀྲུང་གོའི་སེམས》ཞེས་པས་གཞོན་ནུ་ལས་བྱེད་ཉེན་རྟོག་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དེ་བཞིན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་ཡོད། སྟེགས་བུའི་གཤམ་དུ་ཡོད་པའི་ལྟད་མོ་བ་ཚོས་མཉམ་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གཡུག་གཡུག་བྱས་ནས་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་བླངས་ཏེ། རླབས་ཆེན་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཤང་མའེ་ཡིས་དེ་རིང་ང་ཚོ་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་ཉེན་རྟོག་པ་ཚང་མ་མཉམ་དུ་འཛོམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་དང་། ང་ཚོས་ཞབས་བྲོ་ཁག་གཉིས་ནང་སྦྱོང་ཞིབ་ཚགས་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་མེས་རྒྱལ་ལ་སྐྱེས་སུ་ཕུལ་ནས་ང་ཚོའི་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་བཤད།
འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་ལས་རོགས་བདེ་གཡང་གིས་ང་ཚོས་དེང་རབས་ཀྱི་ཞབས་བྲོ《ང་དང་ངའི་མེས་རྒྱལ》ཞེས་པ་འཁྲབ་སྟོན་བྱས་པ་ཡིན་ལ་དུས་རབས་གསར་པའི་གཞོན་ནུ་ལས་བྱེད་ཉེན་རྟོག་པའི་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་མ་ཡུམ་མེས་རྒྱལ་ལ་སྨོན་འདུན་ཞུས་པ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་འགན་འཁུར་བ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་ལ་འགན་འཁུར་བ་བཅས་བྱས་ཏེ། ལས་དོན་ཁག་ལ་ཚད་བརྒལ་དང་གསར་གཏོད་བྱུང་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོ་རྒྱུན་མཐུད་ངང་གཏིང་ཟབ་ངང་སྤེལ་བ་དང་། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་གྱོད་གཞི་ཚང་མ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། གནོང་འགྱོད་སྤུ་ཙམ་ཡང་མེད་པའི་སྒོ་ནས་མེས་རྒྱལ་ལ་བཞག་པའི་དམ་ཚིག་དོན་འཁྱོལ་བྱས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社