ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟཊ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་ཚེས་29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོཊ་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོཊ་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟཊ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟཊ་གནང་བར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཞི་ཅིན་ཕིང་གིས་རླབས་ཆེན་དུས་རབས་ཀྱིས་དཔའ་བོར་རེ་འབོད་དང་དཔའ་བོ་སྐྱེད་སྲིང་བྱེད་ཀྱི་ཡོད། དཔའ་བོ་རྒྱུན་མ་ཆད་པར་ཐོན་ན་ཏང་དང་མི་དམངས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་ཇི་སྲིད་བར་ཉམས་པ་མེད་པར་འགྱུར་སྲིད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔའ་བོ་དཔེ་བཟང་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་སྤྱི་ཚོཊ་ཡོངས་སུ་དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་འགྱུར་བར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་མཛད་སྒོར་ཞུགས་པ་དང་། ཚའེ་ཆིས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社