ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ།ཡིད་སེམས་སྒུལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་འབྲི་བ་དང་།བརྩེ་སེམས་ཟབ་མོའི་སྙན་དབྱངས་ལ་བརྟེན་ནས་རླབས་ཆེན་དུས་རབས་ལ་བསྔགས་བརྗོད་བྱེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་ཚེས་29ཉིན་གྱི་དགོང་མོར་པེ་ཅིང་དུ་འཚོགས་ཤིང་།ཞི་ཅིན་ཕིང་དང་།ལི་ཆང་།ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་།ཚའེ་ཆི།ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྟད་མོ་བ་3000ལྷག་ཙམ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཐུན་མོང་ཐོག་ཕྱིར་དྲན་གནང་བ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་རེད།
མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ཆེན་མོའི་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས།ཆུ་ཚོད་19དང་སྐར་མ་55ཡི་ཐོག་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་ཁང་ཆེན་མོའི་ནང་ཕེབས་ཏེ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་བས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
ཡུལ་དངོས་སུ་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་།ཚོཊ་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཐོན་པོར་བཏང་བ་རེད།
དེ་རིང་ནི་ཁྱེད་རང་གི་འཁྲུངས་སྐར་རེད།ང་ཡི་ཀྲུང་གོ་ཞེས་བརྩེ་བ་ཟབ་ལ་དྲོ་སྐྱིད་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།འཁྲབ་སྟོན་ནང་སྔོན་འགྲོའི་རོལ་དབྱངས་དང་རོལ་དབྱངས་ལེ་ཚན་ལྔ་ཚུད་ཡོད་པ་དང་།རིག་རྩལ་ལས་དོན་པ་ཚོས་བྱང་ཆུབ་པའི་དཀྲོལ་གཏོང་དང་མི་སེམས་འགུལ་བའི་གླུ་སྒྲས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་རྒྱུས་རོལ་དབྱངས་འདུ་ཚོགས་ཀྱི་ནང་མངོན་པར་བྱས་ནས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社