ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ་ཡོངས་དང་། རྒྱ་ཆེའི་སློབ་གྲོགས་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་དང་འཚམས་འདྲི་ཞུས་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ཁྱེད་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དགོས་མཁོར་དམིགས་ཐོག སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་སྤེལ་གྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས། ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་ནི་1954ལོར་བཙུགས་པའི་ཀྲུང་དབྱང་རླུང་འཕྲིན་བྱ་གཞག་ཅུས་ཀྱི་ལག་རྩལ་མི་སྣའི་སྦྱོང་བརྡར་འཛིན་གྲྭ་ཞེས་པ་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། 2004ལོར་པེ་ཅིང་རླུང་འཕྲིན་སློབ་གླིང་ནས་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་ཞེས་པར་མིང་བསྒྱུར་བ་ཞིག་ཡིན། ཉེ་ཆར། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་པ་དང་། ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
འཕྲིན་ལན།
ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།
ཁྱོད་ཚོ་སྐུ་ཁམས་བཟང་།འཕྲིན་ཡིག་འབྱོར་བྱུང་།ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ་ཡོངས་དང་། རྒྱ་ཆེའི་སློབ་གྲོགས་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་དང་འཚམས་འདྲི་ཞུ་རྒྱུ་ཡིན།
དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ཁྱེད་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དགོས་མཁོར་དམིགས་ཐོག སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་སྤེལ་གྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས། ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་9ཚེས་25ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་འབྱོར་བའི་གློག་འཕྲིན)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社