ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མལ་གྲོ་གུང་དཀར་རྫོང་མེ་ཟོན་རོཊ་སྐྱོབ་རུ་ཆེན་གྱིས་མཉམ་འབྲེལ་ཐོག་ལྟ་སྐོར་དང་སློབ་སྦྱོང་གི་བྱེད་སྒོ་ཞིག་སྤེལ་ཞིང་། རྫོང་དེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་གྱི་འཐུས་མི་གཙུག་ལག་ཁང་དང་འབྲས་སྤུངས་དགོན་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད།
ལྟ་སྐོར་བྱེད་རིང་།ལྷ་ལྡན་གཙུག་ལག་ཁང་དང་འབྲས་སྤུངས་དགོན་གྱི་ལས་དོན་པས་མེ་ཟོན་བདེ་འཇགས་ཐད་ཀྱི་བྱ་ཐབས་དང་ཉམས་མྱོང་ཁག་ངོ་སྤྲོད་ཞིབ་ཕྲ་གནང་བར་མ་ཟད། ད་དུང་མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་། མེ་ཟོན་འཕྲལ་སྡོམ་སྔོན་ཇུས་བཟོ་བ། ནང་སྦྱོང་སོགས་ཀྱི་ནང་དོན་ཞིབ་ཚགས་པའི་སྒོ་ནས་གསུངས་པ་རེད། མལ་གྲོ་གུང་དཀར་རྫོང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ཚོས་ངོ་སྤྲོད་ལ་ནན་ཏན་ངང་གསན་པ་དང་།མེ་ཟོན་སྒྲིག་ཆས་བཀོད་སྒྲིག་དང་བེད་སྤྱོད་བྱེད་སྟངས་ལ་ལྟ་ཞིབ་ཞིབ་ཕྲ་གནང་བར་མ་ཟད། དུས་ངེས་མེད་དུ་བསྔགས་བརྗོད་ཀྱང་གནང་བ་དང་འབྲེལ་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་ཡོད་ལས་དོན་པ་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
ཡུལ་དངོས་སུ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད།མལ་གྲོ་གུང་དཀར་རྫོང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ཚོས་མེ་ཟོན་བདེ་འཇགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ནས།སྔོན་ཐོན་ཉམས་མྱོང་དང་ལག་རྩལ་དེ་ལས་དོན་དངོས་ནང་སྤྱད་ནས་དགོན་སྡེའི་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་རིག་དངོས་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
མལ་གྲོ་གུང་དཀར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འགན་འཁུར་བས་ད་ཐེངས་ཀྱི་ལྟ་སྐོར་དང་སློབ་སྦྱོང་བྱེད་སྒོ་ནི་འགོ་ཚུགས་པ་ཙམ་ཡིན། ང་ཚོས་འབྲེལ་ཡོད་ཚན་པ་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ།དུས་བཀག་ལྟར་དེ་དང་འདྲ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ།རྫོང་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་དོ་དམ་གྱི་ནུས་པ་ཆེ་རུ་བཏང་ནས་དགོན་སྡེའི་མེ་ཟོན་བདེ་འཇགས་ཐད་ཐུན་མོང་ཐོག་གཡས་སྐྱོར་གཡོན་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社