ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་IOTསྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གདོང་བཤེར་སྒྲིག་ཆས་74བེད་སྤྱད་པ་དང་། དེ་དག་གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་11དང་། གནས་གཏན་འཁེལ་གྱི་འཕྲོད་བསྟེན་ཁང་2 གནས་གཏན་འཁེལ་གྱི་སྨན་བཅོས་ཁང་1 གནས་གཏན་འཁེལ་གྱི་སྨན་རྫས་ཚོང་ཁང་60བཅས་ལ་ཁྱབ་ཡོད། དེའི་ཐོག་ནས་རང་གྲོང་གི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་རྒྱག་པ་དེ་བྱང་བུ་སྤྱོད་པ་དང་རྩ་གཉིས་ཨང་རྟགས་བཤེར་བ་ནས་གདོང་བཤེར་བའི་དུས་སྐབས་སུ་དངོས་སུ་སླེབས་པ་མཚོན་ཡོད།
“ཁྱེད་རང་སྐུ་ངོ་མ་ཡིན་མིན་གཏན་འཁེལ་གནང་རོགས། བརྙན་ཤེལ་ལ་ཁ་གཏད་རོགས་གནང”ཞེས་ཉེ་ཆར་པེ་ཅིང་ལམ་དུ་གནས་པའི་ཧྲེང་ཅེ་སྨན་རྫས་སྒོ་རྩིས་ཚོང་ཁང་དུ་འགན་བཅོལ་ནང་ཞུགས་པའི་གྲོང་མི་སྒྲོལ་མས་སྨན་ཉོས་རྗེས། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གདོང་བཤེར་སྒྲིག་ཆས་ཀྱི་མདུན་དུ་སྐར་ཆ་ཁ་ཤས་ནང་སྨན་རིན་རྩིས་བརྒྱབ་ཡོད། སྒྲོལ་མས་སྤྱི་ཚོགས་འགན་བཅོལ་བྱང་བུ་དང་། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社