ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་པའི་རོལ་རྩེད་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་གྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གི་མེ་ཟོན་རོགས་སྐྱོབ་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ། བར་སྐོར་ཚོང་རའི“ཨར་ཁང་ཁྲོམ་གཞུང”དུ་བསྐྱོད་ནས“མཚན་མོའི་ཞིབ་བཤེར་དང་རྒྱུས་ལོན་དྲུག”གི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་།གྲོང་མིའི་མཚན་མོའི་འཚོ་བའི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ཉིན་དེའི་དགོང་མོར་ཞིབ་བཤེར་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་མའེ་ཨར་ཁང་དང་། གྲོག་རོང་གྲོང་རྡལ་ཨར་ཁང་། Bambooཨར་ཁང་སོགས་སྤྱི་པའི་རོལ་རྩེད་ཁང་དུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་སྒྲིག་ཆས་དང་། མེ་ཟོན་བགྲོད་ལམ། བདེ་འཇགས་ཐོན་སྒོ། མི་སྣ་ཚད་ལས་བརྒལ་ནས་གཉེར་སྐྱོང་བྱེད་མིན། གློག་སྒུལ་སྦག་སྦག་ལ་ཁྲིམས་འགལ་ངང་གློག་གསོག་པ་དང་འཇོག་པ་སོགས་ཀྱི་ཐད་གྲལ་བཤེར་བྱས་པ་དང་འབྲེལ་ཞིབ་བཤེར་བྱེད་རིང་ཐོན་པའི་གནད་དོན་ལ་དམིགས་ཏེ། བྱེད་སྒོ་སྤེལ་ཡུལ་གྱི་འགན་འཁུར་བར་དག་བཅོས་བྱེད་དགོས་པའི་བཀའ་བཏང་ནས།བདེ་འཇགས་ལ་གནོད་པའི་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོ་རྒྱུའི་འགན་ལེན་བྱས་ཡོད། བོད་ལྗོངས་གོ་ལུང་མ་འཇོག་ཚད་ཡོད་ཀུང་སིའི་སྡེ་ལས་སྤྱི་གཉེར་སྐུ་ཞབས་ཐང་ལགས་ཀྱིས།ཕྱིས་འབྱུང་། ང་ཚོས་ཞིབ་བཤེར་བྱས་རྗེས་ཐོན་པའི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱ་རྒྱུ་དང་ཆབས་ཅིག་ཚོང་དུད་ཚང་མར་ཉིན་རེའི་ཞིབ་བཤེར་དང་ཟླ་རེའི་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་ཡུལ་གྱི་འགན་འཁུར་མི་སྣར་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་ནས་དོགས་ཟོན་ཆེ་ཏུ་གཏོང་བ་དང་ཉེན་ཁའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཉིན་དེའི་དགོང་མོའི“མཚན་མོའི་ཞིབ་བཤེར་དང་རྒྱུས་ལོན་དྲུག”གི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁྱོན་ཞིབ་བཤེར་ཐད་མི་ཐེངས་12བཏང་ནས་ཚན་པ་21ལ་ཞིབ་བཤེར་བྱས་པར་མངོན་མེད་རྐྱེན་ངན་56ཤེས་རྟོཊ་བྱུང་ཡོད། ས་གནས་ས་ཐོག་ཏུ་མངོན་མེད་རྐྱེན་ངན་48བཅོས་སྒྲིག་བྱས་ཤིང་། དག་ཐེར་དང་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་10བཏང་ཡོད། ད་ཐེངས་ཀྱི“མཚན་མོའི་ཞིབ་བཤེར་དང་རྒྱུས་ལོན་དྲུག”གི་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་གཅིག་ཏན་ཏིག་བསལ་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་རོལ་རྩེད་ཁང་གི་འགན་འཁུར་བ་དང་ལས་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་མེ་ཟོན་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇཊ་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་དགུ་པའི་བཟོ་བཀོད་པ་ཕུར་བུ་སྒྲོལ་མས། ད་ཐེངས་ཀྱི“མཚན་མོའི་ཞིབ་བཤེར་དང་རྒྱུས་ལོན་དྲུག”གི་ཆེད་དོན་བྱ་སྤྱོད་ནི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་དོ་དམ་ཟབ་ཏུ་གཏོང་བ་དང་མཚན་མོའི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཕྱིས་འབྱུང་། ང་ཚོས་མེ་ཟོན་གྱི་ཚེ་སྲོག་བགྲོད་ལམ་ཤར་གཏོང་ཐུབ་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཁོངས་གཏོགས་ཁུལ་གྱི་གློག་སྒུལ་སྦག་སྦག་ལ་སྒྲིག་འགལ་ངང་གློག་གསོག་པ་དང་གང་བྱུང་དུ་འཇོག་པ་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་མེ་ཟོན་བགྲོད་ལམ་བཟུང་སྤྱོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社