(པར་ངོས་དང་པོར་མཐུད)འདི་གར་བཏབ་པའི་ཁམ་སྡོང་གི་འབྲས་བུ་སྨིན་པའི་དུས་མཚམས་སུ་སླེབས་ཤིང་།ཁམ་བུ་གསར་པ་རེ་རེ་བཞིན་ཡལ་གའི་ཐོག་སྨིན་པས་མི་རྣམས་ཀྱི་ཡི་དབང་འགུགས་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཁར་རུ་ཁམ་བུའི་འདེབས་འཛུགས་རྟེན་གཞིར་པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་645བཏང་ཞིང་།2017ལོ་ནས་བཟུང་།རྒྱུན་འཁོར་ས་ཆའི་ཐང་གཞོང་དུ་ཁམ་བུ་འདེབས་འཛུགས་བྱས་པ་དང་། ལོ་མང་རིང་སྲུང་སྐྱོང་ཞིབ་ཚགས་དང་། འདེབས་འཛུགས་ཞིབ་ཚགས། དོ་དམ་ནན་ཏན་བཅས་བྱས་པ་བརྒྱུད།
མིག་སྔའི་བར་ཁམ་བུ་སྡོང་རྐང་5000ལྷག་ཙམ་གསོན་ཡོད་ཅིང་།དེའི་ནང་ཁམ་བུའི་རིགས་མི་འདྲ་བ་8ལྷག་ཙམ་ཡོད། 2020ལོར་ཁྱོན་ཡོངས་ནས་ཤིང་འབྲས་ཕྱིར་ཚོང་བྱས་པ་དང་།ཁམ་སྡོང་ཁྲོད་ལུག་མིག་མེ་ཏོག་དང་། ལ་ཕུག་དཀར་པོ། ཞོག་ཁོག་སོགས་སྤེལ་ནས་བཏབ་པས་ས་ཞིང་གི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་ཡོད།
སྙེ་མོ་རྫོང་གི“ཚེག་ནས་ཚེག”གི་ལས་བྱེད་པ་ཝང་རུང་ཧྭ་ཡིས།2019ལོ་ནས་འགོ་བཙུགས་ཏེ།ད་ཆའི་བར་ང་ཚོའི་ཁམ་བུ་འཐུ་སའི་གླིང་དེས་ཁམ་བུ་འཚོང་བ་དང་རྣམ་གྲངས་ཁག་འགན་གཙང་བླངས་པར་ཕན་འབྲས་སྒོར་ཁྲི་200ཟིན་གྱི་ཡོད།
དེའི་རིང་།ང་ཚོས་ས་གནས་དེ་གའི་གྲོང་མི་ཚོ་ཐག་ཉེ་ས་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། མིག་སྔའི་བར།མི་ཐེངས་11000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། སླད་ཕྱིན།ང་ཚོས་པེ་ཅིང་གི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཁམ་བུ་འཐུ་སའི་གླིང་དེ་ཡུལ་སྐོར་དང་། ལྟ་སྐོར། འཐུ་ས་བཅས་ཟུང་དུ་འབྲེལ་བའི་ཚོད་ལྟའི་རྟེན་གཞི་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཕག་ཤ་སོས་པ་དང་ཕག་ཤའི་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཆེད། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཕག་ཤ་སོས་པ་ཐོན་སྐྱེད་བྱེད་པའི་ཁྲོམ་རའི་སྟོང་ཆ་སྐོང་ཆེད་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་འོག རྫོང་ཡོངས་ཀྱི་ཕག་ཤ་སོས་པའི་ཐོན་ལས་གོང་འཕེལ་གཏོང་བའི་དོན་དངོས་དང་།ལྷག་པར་དུ་སྙེ་མོ་རྫོང་གཞུང་སྨད་གྲོང་ཚོའི་ཕག་པ་གསོ་སྤེལ་རྟེན་གཞི་ཐོན་སྐྱེད་བྱེད་འགོ་ཚུགས་ཉེར་ཡོད་པའི་གནས་ཚུལ་དང་ཟུང་འབྲེལ་གྱིས་གཞུང་སྨད་ཤང་ཨང་སྒང་གྲོང་ཚོར་སྙེ་མོ་རྫོང་ཕག་པ་བཤས་གཏོང་ལས་སྣོན་བཟོ་གྲྭ་འཛུགས་རྒྱུའི་འཆར་གཞི་དུས་ཐོག་ཏུ་བཏིང་ཡོད།
ཉེ་ཆར།གསར་འགོད་པ་སྙེ་མོ་རྫོང་ཕག་པ་བཤས་གཏོང་ལས་སྣོན་བཟོ་གྲྭའི་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས། བཟོ་པ་ལ་ལས་གྱང་ལ་ཨར་འདམ་བྱུག་པ་དང་ལ་ལས་ས་ཕག་འདིང་བཞིན་ཡོད་པས། ས་ཡུལ་དངོས་སུ་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་3650བཏང་བ་ཚང་མ་པེ་ཅིང་གི་བོད་སྐྱོར་མ་དངུལ་ཡིན་པ་དང་།
འཛུགས་སྐྲུན་གྱི་ནང་ཕག་པ་བཤས་གཏོང་བ་དང་ལས་སྣོན་གྱི་རྒྱུན་མཐུད་ལས་རིམ་སོགས་ཚུད་ཡོད།
སྙེ་མོ་རྫོང་ཕག་པ་བཤས་གཏོང་ལས་སྣོན་བཟོ་གྲྭའི་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་པ་ཁང་ཅིན་གྱིས།མིག་སྔར་རྣམ་གྲངས་དེའི་བརྒྱ་ཆ་85ལེགས་གྲུབ་ཟིན་ཡོད།སླད་ཕྱིན་སྒྲིག་ཆས་སྒྲིག་སྦྱོར་དང་ནང་ཁུལ་གྱི་མཛེས་བཟོ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པས།སྔོན་དཔག་བྱས་ན་ཉེ་དུས་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
དེ་བསྐྲུན་ཟིན་རྗེས། ལས་སྣོན་བཟོ་གྲྭས་སྔོན་དཔག་བྱས་ན་ཉིན་རེར་ཕག་པ་མགོ་གྲངས་100བཤས་གཏོང་ལས་སྣོན་བྱ་རྒྱུ་དང་།ལོ་རེར་མགོ་གྲངས་ཁྲི་3.3ཙམ་བཤས་གཏོང་ལས་སྣོན་བྱ་རྒྱུ་རེད། དེ་དང་དུས་མཚུངས་སུ་གནས་གཏན་འཁེལ་གྱི་བཤས་གཏོང་བ་དང་གཅིག་སྡུད་ནད་ཡམས་ཞིབ་བཤེར་བྱེད་པའི་བྱ་ཐབས་ཀྱིས་ཀྱང་ཁོར་ཡུག་སྦགས་བཙོག་ཉུང་དུ་ནུས་ལྡན་ཕྱིན་ནས་སྙེ་མོ་རྫོང་གི་འབྱུང་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社