分享按钮

(པར་ངོས་དང་པོར་མཐུད)དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་སྟེ།དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུཊ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་སྟེ།འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ།རང་འགུལ་ངང་ཞིབ་བཤེར་དང་ཞིབ་བཤེར་ཞིབ་ཚགས་བྱས་ཐོག དུས་བསྟུན་འཕེལ་རྒྱས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཐུས་ཚང་དུ་བཏང་ནས་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ལས་དོན་གྱི་མཉམ་ཤུགས་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་སྟེ།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་འབྲེལ་གཏུགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཞོགས་འདེགས་དམ་ཟབ་བྱེད་པ། ནུས་ཤུཊ་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས།འཐབ་ཕྱོགས་གཅིག་གྱུར་པུས་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་རང་འགུལ་ངང་འདོན་སྤེལ་བྱེད་པ་དང་།འབྲེལ་ཡོད་ཚན་པ་ཁག་གིས་རང་ངོས་ཀྱི་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ལས་དོན་དེ་བས་ལེགས་པའི་ངང་ཟུང་འབྲེལ་བྱས་ཏེ།ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེཊ་ཞུ་དགོས་པ།འགག་སྒྲོལ་དཀའ་སེལ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་སྟེ།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་ཏུ་བཏང་ཐོག དཀའ་གནད་གལ་ཆེན་ཁག་ཅིག་ཐག་གཅོད་ནུས་ལྡན་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་ནས་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་རྫོང(ཆུས)ཁག་གི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187492.html 1 /enpproperty-->