ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་6ཉིན། ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཡིས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག ཞུས་ཧའེ་ཡིས་ཁྲེང་ཀོན་ཆུས་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུར་གསན་ཞིང་གྲོས་བསྡུར་བྱས་པ་དང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲེང་ཀོན་ཆུས་ཀྱི་ལག་ལེན་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་བྱེད་ཐབས》དང《ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་ལ། ཞུས་ཧའེ་ཡིས《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》ཐད་ལའང་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་གི་ཁྲེང་ཀོན་ཆུས་ཀྱི་ལྟེ་བའི་ལས་འགན་ནི། སྟོབས་ཤུགས་གཅིག་སྒྲིལ་གྱིས“འབྱུང་ཁམས་འཛུགས་སྐྱོང་གི་དཔེ་མཚོན་ཁུལ”འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། འབྱུང་ཁམས་ཤེས་དཔལ་གྱི་རྨང་གཞིའི་འགན་ལེན་ཡག་པོ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཛེས་ལྡན་གྱི་ཁྲེང་ཀོན་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱ་རྒྱུ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྔོན་སྐྱོད་ཁུལ”འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུ་ལེགས་སུ་གཏོང་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་དཔལ་ལྡན་པའི་ཁྲེང་ཀོན་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱ་རྒྱུ། སྟོབས་ཤུགས་གཅིག་སྒྲིལ་གྱིས“གྲོང་ཁྱེར་གྱི་སྤུས་ཚད་མཐོར་གཏོང་དཔེ་སྟོན་ཁུལ”འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ཚོགས་བཅོས་སྐྱོང་ལ་དམ་འཛིན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་ལེགས་གཏོང་ལ་འགན་ལེན་བྱེད་པ། འབྱོར་ཕྱུག་གི་ཁྲེང་ཀོན་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱ་རྒྱུ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཁྲིམས་ལྟར་བཅོས་སྐྱོང་གི་སྣེ་འཁྲིད་ཁུལ”འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་ཁྲིམས་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཁྲིམས་སྐྱོང་གི་ཁྲེང་ཀོན་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱ་རྒྱུ། སྟོབས་ཤུགས་གཅིག་སྒྲིལ་གྱིས“མཐུན་སྒྲིལ་བརྟན་ལྷིང་གི་དཔེ་སྟོན་ཁུལ”འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། རྒྱལ་སྲུང་སྐུལ་སློང་གི་མ་ལག་འཐུས་ཚང་དུ་གཏོང་བ། ཞི་མཐུན་གྱི་ཁྲེང་ཀོན་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱ་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社