分享按钮

ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་སྲིད་འཛིན་ས་སུའུ་དང་མཇལ་མོལ་གནང་བ།

ཟླ་9ཚེས་6ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཁོང་ཀོ(པུའུ)ཡི་སྲིད་འཛིན་ས་སུའུ་དང་མཇལ་མོལ་གནང་བ་རེད། མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ས་སུའུ་དང་སྐུ་ཟླ་ཨན་ཐུའོ་ཝ་ནེ་ཐེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཞིང་།པར་འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ས་སུའུ་དང་སྐུ་ཟླ་ཨན་ཐུའོ་ཝ་ནེ་ཐེ་དང་མཉམ་དུ་སྐུ་པར་བསྐྱོན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་6ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཁོང་ཀོ་(པུའུ)ཡི་སྲིད་འཛིན་ས་སུའུ་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ས་སུའུ་ཡིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེཊ་ཀྱི་པེ་ཅིང་དབུ་ཚོཊ་ལ་གྲུབ་འབྲས་ཐོབ་པར་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་དང་མཉམ་ལས་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན། 2013ལོར་ང་རང་ནས་ཨ་ཧྥེ་རི་ཁར་འཚམས་འདྲི་ཞུ་རིང་ཨ་ཧྥེ་རི་ཁར་ལྷག་བསམ་ཟོལ་མེད་ཀྱི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་བཏོན་པ་དེ་ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་ཀྱི་རྩ་དོན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་གླེང་སྟེཊ་ཀྱི་པེ་ཅིང་དབུ་ཚོཊ་ཀྱི་གྲུབ་འབྲས་དེས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187483.html 1 ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་སྲིད་འཛིན་ས་སུའུ་དང་མཇལ་མོལ་གནང་བ། /enpproperty-->