分享按钮

ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་གཟིམ་སྤོས་ཀྱི་ཕ་སར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ།

ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་པ་དང་། ས་གནས་གཉིས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ལེགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁམ་བུ་ཆེན་པོ་དང་ཕག་པ་གསོ་ཚགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ།ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེཊ་ཆ། ཁྲོམ་རའི་ལེགས་ཆ་བཅས་སུ་རིམ་བཞིན་བསྒྱུར་ནས་ཞིང་འབྲོག་མང་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཁྲོད་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་བྱས་ཡོད།

སྟོན་འགོའི་སྙེ་མོར་སླར་ཡང་ལོ་ལེགས་འབྲས་བཟང་བསྡུ་བའི་དུས་ཚིགས་ཤར་བ་དང་མཁར་རུ་ཤང་གི་མཁར་རུ་ཁམ་བུའི་ལྡུམ་རའི་ནང་ཡུལ་ལྗོངས་ཡི་གར་འོང་ཞིང་ལྟ་ན་སྡུག་པ་ཞིག་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187481.html 1 ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་གཟིམ་སྤོས་ཀྱི་ཕ་སར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ། /enpproperty-->