(པར་ངོས་དང་པོར་མཐུད)ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་།ཀྲུང་དབྱང་ཏང་འཛུཊ་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆིས་ཚོཊ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཏང་འཛུཊ་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཞི་ཚོཊ་འདུར་ཞུཊ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས།དེར་ཆབ་སྲིད་རང་བཞིན་དང་།བསམ་བློའི་རང་བཞིན།དམིགས་སའི་རང་བཞིན།མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་སློབ་སྦྱོང་དང་།གོ་བ་ནན་ཏན་ལེན་པ།ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མིག་སྔར་གཞི་རྩའི་ཆ་ནས་མཇུག་འགྲིལ་ཟིན།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། སྒྲིག་ཁྲིམས་འཛུགས་སྐྱོང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།ཏང་འཛུགས་སྐྱོང་ལ་ཤུགས་སྣོན།
ཏང་གི་བྱ་གཞག་ལ་སྐུལ་གཏོང་བཅས་ཀྱི་འགན་འཁྲའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།འགོ་ཁྲིད་ཨང་དང་པོ་དང་།ན་གཞོན་ལས་བྱེད་པ།གསར་དུ་གནས་སྤར་བྱས་པའི་ལས་བྱེད་པ་བཅས་ཀྱི་སྒྲིག་ཁྲིམས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་དང་ལྟ་སྐུལ་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པར་ཐོབ་པའི་ཉམས་མྱོང་བེད་སྤྱད་དེ་སྤུས་ཚད་མཐོ་བའི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་།ཏང་ཡོངས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ།འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། རྣམ་པ་བཞི་བེད་སྤྱོད་ཡང་དག་བྱེད་པ་དང་།དབྱེ་བ་གསུམ་ཕྱེ་དགོས་པ་དོན་འཁྱོལ་བྱས་ཏེ་གནད་ལ་འཁེལ་བ་དང་ཚད་ལྡན་གྱི་སྒྲིག་ཁྲིམས་ལག་བསྟར་ལ་བརྟེན་ནས་ལས་བྱེད་པས་ལས་ཀ་དང་ལས་གཏོད་སྔར་ལས་ལེགས་པོ་བྱེད་པ་དང་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ལི་ཀན་ཅེ་དང་།ལི་ཧྲུའུ་ལེ།མུའུ་ཧུང་། ཅང་ཤིན་ཀྲི་བཅས་ཚོགས་འདུར་ཞུགས་པ་རེད།
ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社