(པར་ངོས་དང་པོར་མཐུད)བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་།ཕྱི་ཕྱོགས་སུ་སྒོ་དབྱེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅིང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་གཏོད་རྒྱུའི་བཀོད་སྒྲིག་གལ་ཆེན་བྱས་ཏེ། ཚོང་འགུགས་དང་མ་རྩ་ནང་འདྲེན་བྱ་རྒྱུ་དེ་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཡོད་པ་རེད།
ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུར་དམིགས་པ་དང་། དྭངས་གཙང་ཅན་གྱི་ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་གསར་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་རའི་འཁོར་སྐྱོད་ཀྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས། གསོན་ཤུགས་ཀྱིས་ཁེངས་པའི་གསར་གཏོད་ཁོར་ཡུག་དང་། ཁོང་ཡངས་དང་སྒོ་དབྱེའི་མ་འཇོག་ཁོར་ཡུག མ་གནས་དམའ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐོན་ལས་ཁོར་ཡུག ཐུན་མོང་མ་ཡིན་པ་དང་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཤེས་ལྡན་པའི་ཁོར་ཡུག ལས་ཆོད་ཆེ་ཞིང་ཕྱི་གསལ་ནང་གསལ་གྱི་སྲིད་དོན་ཁོར་ཡུག དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་བཅས་དང་། ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།ཁེ་ལས་དང་ས་གནས་ཕྱོགས་གཉིས་ཀར་ཕན་པའི་རྣམ་པ་བཟང་པོ་ཞིག་མངོན་འགྱུར་ཡོང་བར་བྱེད་དགོས།
ཝང་ཆང་གིས་གསུངས་དོན། ལྷ་ས་གྲོང་ཁྱེར་ལ་གྲངས་གཞིའི་དཔལ་འབྱོར་སོགས་ཐོན་ལས་འཕེལ་རྒྱས་གཏོང་བའི་གནམ་གཤིས་ཀྱི་ལེགས་ཆ་དང་། ནུས་རྒྱུའི་ལེགས་ཆ། ཐཱན་འདུས་ཀྱི་ལེགས་ཆ།སྲིད་ཇུས་ཀྱི་ལེགས་ཆ། མ་གནས་ཀྱི་ལེགས་ཆ་བཅས་ལྡན་ཡོད། ཁེ་ལས་མཁས་ཅན་ཚོས་ལྷ་སར་ཡུལ་དངོས་སུ་ལྟ་སྐོར་དང་རྟོག་ཞིབ་བྱས་ནས་ཕྱོགས་ཁག་གི་ལེགས་ཆ་དང་ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ།འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཁྲོད་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་མཉམ་ལས་གཉིས་ཕན་ཡོང་བའི་རེ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་འཐུས་ཚང་གི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཁོར་ཡུག་རྩེ་གྲ་གཏོད་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
བཞུགས་མོལ་བྱེད་རིང་། བོད་དུ་རྟོག་ཞིབ་བྱེད་པར་ཡོང་བའི་ཁེ་ལས་ཀྱིས་ཁེ་ལས་ཀྱི་གནས་ཚུལ་མདོར་བསྡུས་དང་འཕེལ་རྒྱས་ཀྱི་འཆར་འགོད་ཁག་ངོ་སྤྲོད་གནང་བར་མ་ཟད། ཕྱིས་འབྱུང་། རང་ངོས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆར་ཟུང་འབྲེལ་བྱས་ཏེ་མཉམ་ལས་དམ་ཟབ་ལ་ཤུགས་སྣོན་བརྒྱབ་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་ཡང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཕན་ཝུན་ཆིང་དང་། ཀའོ་ཅུན་བཞུགས་མོལ་ནང་ཞུགས་པ་རེད།
(བུ་ཆུང་དང་པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社