分享按钮

ཚན་པ་བཞིས་སྟོན་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་ འཇགས་ལས་དོན་བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། གསར་འགོད་པས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྟོན་དུས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་ཆེད། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སློབ་སྤྱི་དང་བུ་བཅོལ་ཁང་གི་ཡོན་ཀྲང་གིས་འདི་ལོའི་ཟླ་9པར་ཉུང་མཐར་ཡང་ཟ་ཁང་དུ་ཡུལ་དངོས་ཀྱི་གཞུང་དོན་ཚོགས་འདུ་ཐེངས་གཅིག་འཚོགས་ནས་སློབ་གྲྭའི་ཟ་ཁང་ནང་ལྟོ་བཟའ་བའི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)གི་འབྲེལ་ཡོད་འགན་འཁུར་བ་ལྟོ་བཟའ་བར་ལྷན་དུ་སྡོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ཀྱི་ཡོད་པ་རེད།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། སློབ་གསོ་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག《2024ལོའི་སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ས་གནས་ཁག་གིས་2024ལོའི་སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་དགེ་སློབ་ཚོའི་བཟའ་བཏུང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་གྲྭའི་ཟ་ཁང་གིས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་བཟའ་བཅའ་གསོག་ཉར་དང་། ཐོག་མའི་ལས་སྣོན། གཏུབ་པ་དང་བསྲེ་བ། གཡོས་སྦྱོར། ཐབ་ཆས་གཙང་འཁྲུད་དང་དུག་སེལ་སོགས་བྱ་ཡུལ་བཀོད་སྒྲིག་བྱེད་དགོས། དུས་བཀག་ལྟར་སྔོན་འགོག་གསུམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་གཙང་སྦྲ་དང་སྲུང་སྐྱོང་བྱས་ཏེ་གནོད་ལྡན་སྐྱེ་དངོས་འཛུལ་བ་དང་སྐྱེ་འཕེལ་མི་ཡོང་བའི་སྔོན་འགོག་བྱེད་དགོས། ཟས་རིགས་ཀྱི་ཡོང་ཁུངས་ལས་བྱུང་བའི་ནད་རིགས་སྔོན་འགོག་དང་འཚོ་བཅུད་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་སློབ་མའི་ཟས་རིགས་ཀྱི་སྣུམ་དང་། ཚྭ། མངར་ཆ་བཅས་ཉུང་དུ་གཏོང་རྒྱུ་དར་སྤེལ་གཏོང་དགོས། ཟ་མ་གྲ་སྒྲིག་དང་མཁོ་འདོན་བྱ་ཡུལ་གྱི་མི་གྲངས་དང་འཚམ་པའི་གསོལ་ཆས་དང་ཡོ་བྱད་གཙང་འཁྲུད་དང་དུག་སེལ་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང་། གཙང་འཁྲུད་དང་དུག་སེལ་ལས་གནས་ཀྱི་ལས་ཀའི་འགན་འཁྲི་འཐུས་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་གསོལ་ཆས་དང་ཡོ་བྱད་གཙང་མ་ཡོང་བའི་འགན་ལེན་བྱེད་དགོས།

ས་གནས་ཁག་གི་སློབ་གསོའི་ཚན་པས་ཆ་རྐྱེན་འཛོམས་པའི་ས་གནས་དང་སློབ་གྲྭའི་བཟའ་བཅའི་རྒྱུ་ཆ་འབོར་ཆེན་ཡོངས་གྲགས་སུ་འོས་དཔོད་འོས་སྐུལ་དང་གཅིག་སྡུད་དམིགས་འཛུགས་ཀྱིས་ཉོ་སྒྲུབ་བྱེད་པའི་ལམ་ལུགསདང་། གདེང་འཇོག ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་ལག་ལེན་བསྟར་བར་མཛུབ་སྟོན་བྱས་ཏེ། དུས་བཀག་ལྟར་འབྲེལ་ཡོད་ཀྱི་གནས་ཚུལ་སྤྱི་བསྒྲགས་བྱེད་དགོས། སློབ་གྲྭའི་ཟ་ཁང་དང་སློབ་གྲྭའི་ཕྱི་རོལ་གྱི་ཟ་མ་མཁོ་འདོན་ཚན་པའི་ས་ནས་ཚོང་ཟོག་ནང་འདྲེན་དང་ཞིབ་བཤེར་དཔང་ཡིག་བླངས་ནས་ཚོང་ཟོག་དང་འཛིན་ཡིག་གཅིག་མཚུངས་ཡོང་བ་དང་། རྒྱུ་ཆའི་ངོ་བོ་དང་གཟུགས་དབྱིབས་རྒྱུན་ལྡན་ཡིན་པའི་འགན་ལེན་བྱེད་དགོས་པ་དང་། བཟའ་བཅའ་ལས་སྣོན་གྱི་བརྒྱུད་རིམ་ཚད་ལྡན་ཅན་གྱི་ཚོད་འཛིན་དང་ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའ་ལས་སྣོནགྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་གྲོས་མོལ་ལམ་སྲོལ་དང་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་བཙུགས་ནས་ལམ་ལུགས་འཛུགས་སྐྱོང་དང་སྲུང་སྐྱོང་གི་གཞི་རྒྱ་ཆེ་རུ་བཏང་སྟེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་མཉམ་དུ་དམ་འཛིན་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-01 6 6 拉萨日报藏文 c187544.html 1 ཚན་པ་བཞིས་སྟོན་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་ འཇགས་ལས་དོན་བཀོད་སྒྲིག་བྱས་པ། /enpproperty-->