(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།
གྲོང་ཁྱེར་གྱི་ལས་ཀའི་གནས་བབ་གསར་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། འགན་འཁྲི་དངོས་སུ་སྒྲུབ་པ། རྒྱུན་དུ་འབད་བརྩོན་བཅས་བྱས་ཏེ་གྲོང་ཁྱེར་དོ་དམ་ཚན་རིག་ཅན་དང་། ཞིབ་ཚགས་ཅན། རིག་ནུས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
མིག་མངས་འགྲིག་སྐོར་གཅིག་གི་བསམ་ཕྱོགས་བརྟན་པོར་འཛུགས་པ་དང་། ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། རྒྱུན་དུ་དམ་འཛིན་དང་། རྒྱུན་དུ་ལག་བསྟར། རྒྱུན་དུ་ནན་པོ་བཅས་བྱས་ནས་ཕྱར་བ་གྲུ་འདེགས་ཀྱིས་གྲོང་ཁྱེར་དོ་དམ་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་།དམ་འཛིན་ནན་པོ།ཕན་འབྲས་ཐོན་པ་བཅས་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་མགྱོཊ་སུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ལེ་ལག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཁྲིམས་འགལ་གྱི་ཚུལ་མིན་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་སྐབས་དེ་བས་བློ་བདེ་བག་ཕེབས་ཡོང་བར་བྱེད་དགོས།
ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་དང་འོས་སྐུལ་འོས་དཔོད་བྱས་ཏེ། ཁ་གསལ་གྱི་ཆ་འཕྲིན་ཁྱབ་བསྒྲཊ་དང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་དཔྱད་ཞིབ་ཚད་གཞི། གཟབ་ནན་ཚད་ལྡན་གྱི་ཞིབ་དཔྱད་གོ་རིམ་བཅས་བྱས་པ་བརྒྱུད་དྲང་པོ་དྲང་གཞག་དང་། ཚད་ལྡན་ནུས་ཆེ། ཁ་གསལ་བཅས་ཀྱི་འོས་སྐུལ་འོས་དཔོད་ཀྱི་ཁྲོམ་རའི་ཁོར་ཡུག་ཤུགས་ཆེན་གཏོད་དགོས།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社