分享按钮

(པར་ངོས་གསུམ་པར་མཐུད)ཁྲེང་ཀོན་ཆུས་མཐུན་སྒྲིལ་ཡར་ཐོན་ཁྱིམ་ཚང་རྣམ་གྲངས་ཀྱི་ཡུལ་དངོས་སུ་བྱེད་སྒོ་སྤེལ་འགོ་ཚུགས་མ་ཐག་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཞིང་པ་ལས་མིའི་འཐུས་མིར་མཇལ་དར་བསྒྲོན་པ་དང་།འཚམས་འདྲིའི་དངུལ་སྤྲད་དེ་ཁོང་ཚོས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

བཅའ་ཁྲིམས་སྒྲོག་འགྲེལ་གྱི་ལྷུ་ཚིགས་སུ་བོད་ལྗོངས་ཐའེ་ཧོ་ཐའེ་ཁྲིམས་རྩོད་པའི་ལས་དོན་ཁང་ནས་ཡོང་བའི་ཁྲིམས་རྩོད་པས་ངལ་རྩོལ་འབྲེལ་བ་དང་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་ཅིང་། གཙོ་བོ་གླ་ཕོགས་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པར་མ་ཟད། ཞིང་པ་ལས་མིའི་གྲོགས་པོ་རྣམས་ལ་གླ་ཕོགས་འགྱངས་ཆད་བྱས་ཚེ་གང་འདྲ་བྱེད་དགོས་མིན་བཤད་ནས་ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་པ་རེད། དེའི་རྗེས་སུ་ལྷ་སའི་ཡོན་ཏ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་ལས་མི་གྲོགས་པོ་ཚོར་རིག་གནས་སྤེལ་བའི་བྱེད་སྒོ་སྟེ། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པས་ལས་མི་གྲོགས་པོ་ཚོར་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱས་ཡོད། བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སི་དང་བོད་ལྗོངས་གླིང་ལྔ་སྨན་ཁང་གིས་ལས་མི་གྲོགས་པོ་ཚོར་ནད་བརྟག་སྨན་བཅོས་དང་རྒྱུན་མཁོའི་སྨན་སྤྲད་པ་རེད། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་དྲོ་སྐྱིད་ལྡན་པ་དང་སྙིང་ཉེ་བའི་དབང་གིས་ཞིང་པ་ལས་མི་ཚོར་ཐུགས་ཁུར་ཟབ་མོ་གནང་ལུགས་ཚོར་བར་བྱས་པ་རེད།

ཞིང་པ་ལས་མི་སྐུ་ཞབས་ལི་ལགས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ཐེངས་སྤེལ་བའི་ཞིང་པ་ལས་མིར་ཞབས་འདེགས་ཞུ་བའི་གཤམ་སྤེལ་ལྔའི་བྱེད་སྒོ་དེས་ང་ཚོར་ནད་བརྟག་སྨན་བཅོས་བྱས་པར་མ་ཟད། ངོ་མཚར་ཆེ་བའི་འཁྲབ་སྟོན་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པའི་སློབ་སྟོན་བཅས་བྱས་པར་བརྟེན་ང་ཚོར་བློ་སྒོ་ཧ་ཅང་ཆེན་པོ་ཕྱེ་བྱུང་བས་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི། རྒྱ་ཆེའི་ཞིང་པ་ལས་མིར་བརྩི་བཀུར་དང་ཐུགས་ཁུར་གནང་ལུགས་མཚོན་པ་དང་། ཏང་དང་སྲིད་གཞུང་དང་། བཟོ་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་ཞིང་པ་ལས་མི་གྲོགས་པོ་ཚོར་སེམས་ཁུར་དང་ཐུགས་ཁུར་བྱེད་པ་བརྒྱུད་བསྒྲགས་བྱས་ནས། རྒྱ་ཆེའི་ཞིང་པ་ལས་མི་གྲོགས་པོ་ཚོས་ལས་གནས་ཐོག་རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུ་འདོན་རྒྱུར་སྐུལ་སློང་བྱས་ཏེ་ངལ་རྩོལ་གྱི་སྙིང་སྟོབས་དང་།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བཏང་ཡོད།འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ལོར་སྤེལ་བའི་གཤམ་སྤེལ་ལྔའི་བྱེད་སྒོ་ཐེངས་ལྔ་པ་དེ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕང་ཧའེ་ཧྥུང་གིས་ད་ལོར་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་རིགས་གསར་པའི་ངལ་རྩོལ་པ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ས་ཚིགས། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སོགས་ཀྱི་ཨར་ལས་ཚོགས་པའི་ཁྲོད་གཤམ་སྤེལ་ལྔའི་བྱེད་སྒོ་ཐེངས་བརྒྱད་སྤེལ་ནས་ལས་བཟོ་བ་མི་ཐེངས་1000ལྷག་ཙམ་ལ་ཕན་པ་ཐོབ་རྩིས་ཡོད། མིག་སྔར། བྱེད་སྒོ་ཐེངས་ལྔ་སྤེལ་ཟིན་ནས་རྒྱ་ཆེའི་ལས་བཟོ་བས་རང་ངོས་ཀྱི་ཁེ་ཕན་ལ་འགན་ལེན་དང་འཕེལ་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 6 6 拉萨日报藏文 c187507.html 1 /enpproperty-->