(པར་ངོས་དང་པོར་མཐུད)ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་དངོས་ལ་བརྟེན་ནས་ཁ་གཏད་བོད་སྐྱོར་ལས་དོན་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།ཁ་གཏད་བོད་སྐྱོར་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན། ཀྲུང་དབྱང་ཁེ་ལས།རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བཅས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་།བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་ཁ་གཏད་བོད་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས།གནད་ལ་འཁེལ་བའི་བོད་སྐྱོར་དང་།བརྒྱུད་རིམ་ལྡན་པའི་རོགས་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་འདིར་དམ་འཛིན་དང་།མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་འདིར་དམ་འཛིན།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདིར་དམ་འཛིན། བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་འདིར་དམ་འཛིན་བཅས་བྱེད་པ་དང་།མི་རིགས་ཁག་དབར་འགྲོ་འོང་དང། སྤེལ་རེས།མཉམ་འདྲེས་བཅས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ།ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས།མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས།ཀྲུང་གོ་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས།ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་འདེམས་མངགས་སྔར་བས་གནད་ལ་འཁེལ་བ་དང་།དོ་དམ་ཞབས་ཞུ་སྔར་བས་ཚད་ལྡན་དུ་གཏོང་བ།ནུས་པ་འདོན་སྤེལ་སྔར་བས་གཅིག་སྡུད་བྱེད་པ།ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་དམ་པ་དོན་གཉེར་དང་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས། ཁ་གཏད་བོད་སྐྱོར་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་བཞིའི་བོད་དང་འབྲེལ་བ་ཡོད་པའི་མངའ་སྡེ་དང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་གཅིག་གྱུར་གྱིས་ཡག་པོ་བསྒྲུབ་དགོས།གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཧྲི་ཐའེ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་།ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི།བོད་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན།བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན།བོད་རང་སྐྱོང་ལྗོངས།ཕུའུ་ཅན་ཞིང་ཆེན།ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་དང་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མི་2ཀྱིས་གཏམ་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་བོད་ཀྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།ཚོགས་འདུ་མ་འཚོགས་གོང་ཝང་ཧུའུ་ཉིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་མཇལ་འཕྲད་གནང་བ་རེད།
བོད་ལྗོངས་སུ་བཞུགས་རིང་།ཝང་ཧུའུ་ཉིང་ད་དུང་ལྷ་ས་དང་ལྷོ་ཁར་ཕེབས་ནས་ཁ་གཏད་བོད་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་དང་དེ་བཞིན་ལྷ་ས་དང་ལྷོ་ཁར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན།ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ལ་གཟིགས་སྐོར་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社