(པར་ངོས་དང་པོར་མཐུད)འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ། 《ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་2024ལོའི་ལོ་སྟོད་ཀྱི་ལས་དོན་ཕྱོགས་བསྡོམས་དང་ལོ་སྨད་ཀྱི་ལས་དོན་འཆར་གཞིའི》ཞིབ་བཤེར་སྙན་ཞུ། 《2024ལོའི་ལོ་སྟོད་ཀྱི་ལས་དོན་ཕྱོགས་སྡོམ་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི》ཞིབ་བཤེར་སྙན་ཞུ། 《2024ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི》གྲོས་ཞིབ་བསམ་འཆར། 《2023ལོའི་ནོར་སྲིད་གཏོང་ཡོང་ངེས་རྩིས་དང་2024ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་ལྷ་ས་གྲོང་ཁྱེར》གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ།《2022ལོའི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུའི》གྲོས་ཞིབ་བསམ་འཆར། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འབྲེལ་ཡོད་གནད་དོན་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཕྱིར་མིག་བལྟས་པའི་སྙན་ཞུ་བཅས་ལ་གསན་པ་དང་འབྲེལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པ་དེ་2024ལོའི་ཟླ་8ཚེས་29ཉིན་འཚོག་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་1ཡིན་པ་གཏན་འབེབས་བྱས་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社