分享按钮

ཚན་པ་བརྒྱད་ཀྱིས་ཡིག་ཆ་བཀྲམ་ནས་དངུལ་རྩས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན། རྒྱལ་ཁབ་ཕྱི་དངུལ་ཅུས་བཅས་དང་མཉམ་འབྲེལ་བྱས་ནས《དངུལ་རྩས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་རེད།

མཛུབ་སྟོན་བསམ་འཆར་ནང་། འབྱུང་ཁམས་ལ་དམིགས་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་དངུལ་རྩའི་རྒྱབ་སྐྱོར་དང་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ།འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

མཛུབ་སྟོན་བསམ་འཆར་ནང་། ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྗང་མདོག་དངུལ་རྩ་དང་ཚན་རྩལ་དངུལ་རྩ། གྲངས་གཞིའི་དངུལ་རྩ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད། ལྗང་མདོག་དངུལ་རྩ་དང་ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད། དངུལ་རྩའི་ཉེན་ཁ་དཔྱད་དཔོག་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་སོགས་ཕྱོགས་བཞིའི་ཐད་ནས་གཙོ་གནད་ལས་འགན་ཁག་16བཏོན་པར་མ་ཟད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་འགན་སྲུང་བྱ་ཐབས་ཁག་གསུམ་བཏོན་ཡོད་པ་རེད།

ཕྱིས་འབྱུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཛུབ་ཁྲིད་བསམ་འཆར་གྱི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ནུས་ལྡན་གྱི་དངུལ་རྩའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 6 6 拉萨日报藏文 c187844.html 1 ཚན་པ་བརྒྱད་ཀྱིས་ཡིག་ཆ་བཀྲམ་ནས་དངུལ་རྩས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྐུལ་འདེད་བཏང་བ། /enpproperty-->