ཧྲའོ་ཤིང་གནའ་གྲོང་དུ་གནས་པའི་ཡུའེ་ཏུའུ་སྡེ་ཁུལ་ནི་མཉམ་འདུས་རྣམ་པའི་སྡེ་ཁུལ་རྙིང་པ་ཞིག་ཡིན་པ་དང་། 2008ལོ་ནས་བཟུང་ཡུའེ་ཏུའུ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་དང་མཉམ་འབྲེལ་འཛུགས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྡེ་ཁུལ་དུ་བཅའ་སྡོད་ཚན་པའི་ཏང་རྩ་འཛུགས་ཀྱི་ཐོན་ཁུངས་སྡེ་ཁུལ་གྱི་འཛུགས་སྐྲུན་ནང་དྲངས་ནས“གྲོང་ཁུལ་རྙིང་པའི”“རེ་འདོད་གསར་པ”བསྒྲུབས་ཡོད། མིག་སྔར། སྡེ་ཁུལ་གྱིས་ཚན་པ་80ཙམ་དང་གན་རྒྱ་བཞག་ནས་སློབ་གསོ་གསོ་སྦྱོང་དང་། སློབ་སྦྱོང་སྤེལ་རེས། མང་ཚོགས་སྒྲིག་འཛུགས། ཕྱོགས་བསྡུས་ཞབས་ཞུ་བཅས་རིགས་བཞི་བཏོན་པ་དེའི་ནང་། སློབ་གསོ་དང་། དངུལ་རྩ། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་དམངས་ཕན་ཞབས་ཞུ་ཁག་40ལྷག་ཙམ་ཚུད་ཡོད་པས། གྲོང་མིའི་རྒྱུན་གཏན་གྱི་དགོས་མཁོར་སྟབས་བདེ་ཆེན་པོ་བསྐྲུན་ནས་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།
ཟླ་8ཚེས་27ཉིན། ཡུའེ་ཏུའུ་སྡེ་ཁུལ་གྱི་ལྟེ་བའི་བུ་བཅོལ་ཁང་དུ་ཧྲའོ་ཤིང་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་དང་བླངས་པས་ཕྲུ་གུ་དང་ཁྱིམ་བདག་ལ་ཟས་རིགས་སྡེབ་སྦྱོར་ཇི་ལྟར་བྱེད་དགོས་པའི་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱས་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社